རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 5 July 2020

༢༠༢༠ ལོའི་རྒྱལ་བ་རིན་པོ་ཆེའི་ཁྲུངས་སྐར།

རྩོམ་པ་པོ། དོལ་པོ་ནམ་སྟོད་པ་ཤེས་རབ་རྒྱལ་མཚན། (སྔ་འགྱུར་མཐོ་སློབ་ཆེན་མོ། ལོ་རིམ་དྲུག་པ།)


ཉིས་སྟོང་ཉི་ཤུའི་ལོ་ལ།།

དགུང་གྲངས་གྱ་ལྔར་ཕེབས་པའི།།

དབུ་ནག་བོད་ཀྱི་ལྷ་སྐལ།།

༧རྒྱལ་བ་ཡིད་བཞིན་ནོར་བུ།།


སྐུ་གཟུགས་བགྲེས་ཉམས་མི་འདུག།

སྟག་ཤར་ཤ་དར་ཁྲག་དར།།

བསྟན་དང་འགྲོ་བའི་དོན་དུ།།

ཐུགས་སྟོབས་བསྐྱེད་ནས་བཞུགས་ཡོད།།


གསུང་ངག་ལྡབ་ལྡིབ་མི་སྨྲ།།

གསལ་ལ་ངར་ཤུགས་ཆེ་བ།།

དམ་ཆོས་བདུད་རྩིའི་སྦྲང་ཆར།།

ཆད་མེད་འབེབས་ལ་ལྟོས་དང་།།


ཐུགས་བསྐྱེད་ཆེ་དང་མི་ཆེ།།

བྱང་ཆུབ་སེམས་དཔའ་དངོས་རེད།།

མཐོ་སྒང་བོད་ཙམ་མིན་པར།།

འཛམ་གླིང་ཞི་བདེའི་དེད་དཔོན།།


ནད་དང་དམག་འཁྲུག་གནོད་འཚེས།།

མུན་པ་རུབ་ཏུ་འཇག་ཀྱང་།།

མགོན་པོ་ཁྱེད་ཉིད་བཞུགས་པས།།

ཞི་བདེའི་འོད་སྣང་འཕྲོས་བྱུང་།།


བྱམས་དང་སྙིང་རྗེའི་རང་གཟུགས།།

འཕགས་མཆོག་ཕྱག་ན་པདྨོ།།

བསྟན་འགྲོའི་དོན་ཆེན་འགྲུབ་པར།།

རྟག་ཏུ་བཞུགས་སུ་གསོལ་ལོ།།


༠༦།༠༧།༢༠༢༠།

 

ཡོང་ཁུངས། རྩོམ་པ་པོ་ཉིད་ཀྱི་ངོ་དེབ་དྲྭ་བའི་མདུན་ངོས་ལས་བཤུས།



No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།