རྩོམ་པ་པོ། མི་གནས་རང་འབྱུང་། (དོལ་པོ་ལྷོ་རི་བ་ཀརྨ་དབང་རྒྱལ།)
࿑ ན་མོ་གུ་རུ་བཛྲ་སཏྭ་ཡེ།
སྐྱེ་མེད་དོན་གྱི་རིག་པ་ཆོས་ཀྱི་སྐུ།།
འགག་མེད་སྙིང་རྗེའི་ངོ་བོར་ལོངས་སྤྱོད་རྫོགས།།
དབྱེར་མེད་སྒྱུ་འཕྲུལ་རོལ་བ་སྤྲུལ་པའི་སྐུ།།
སྐུ་གསུམ་ཀུན་འདུས་ཡིད་བཞིན་ནོར་བུ་མཁྱེན།།
ཞི་བའི་འཛུམ་ཞལ་སེམས་ངོར་ལྷང་ངེར་མཇལ།།
འཇམ་པའི་གདམས་ངག་རྣ་བར་ལྷན་ནེར་འཇགས།།
བརྩེ་བའི་ཐུགས་རྗེ་ཡིད་ལ་ལྷམ་མེར་དྲན།།
མགོན་པོ་ཁྱེད་དང་གཏན་དུ་འབྲལ་བ་མེད།།
སྐྱེ་འཆི་བར་དོ་སྒྱུ་མའི་གྲོང་ཁྱེར་དང་།།
འདིར་སྣང་སྲིད་པའི་སྣང་ཚུལ་བཟང་ངན་ཀུན།།
གནས་ལུགས་དོན་གྱི་ངོ་སྤྲོད་ཟབ་མོས་ཡིས།།
ཡོད་མེད་ཡེ་མཉམ་ཀློང་དུ་ཡང་མཉམ་འགྱུར།།
བཟང་རྟོག་ཐོབ་པར་འདོད་པའི་ཆགས་པ་དང་།།
ངན་རྟོག་སྤོང་བར་འདོད་པའི་ཞེན་པ་སོགས།།
རྩལ་སྣང་རོལ་བ་ཙམ་ལས་གཞི་མེད་པའི།།
དོ་ཧའི་ཟབ་དོན་རྗེ་བཙུན་མགོན་པོས་གསུངས།།
ཕྱི་ནང་གྲུབ་མཐའི་འཛིན་པ་འཇའ་ལྟར་ཡལ།།
འཁོར་འདས་སྤོང་ལེན་ཞེན་པ་རྩ་བྲལ་འགྱུར།།
བཅོས་མའི་ཆ་ལུགས་ཐམས་ཅད་ལྷུག་པར་བྱས།།
གཏད་སོ་མེད་པའི་བཙན་ས་ཁྱེད་ཀྱིས་བསྟན།།
རྟེན་འབྲེལ་སྒྱུ་ལུས་རླུང་སེམས་འདུས་ཙམ་ལས།།
དགེ་སྡིག་ངོ་བོ་བཙལ་ནས་མ་བརྙེད་ཕྱིར།།
དེའི་འབྲས་བུ་ངན་སོང་འཁོར་འདས་རྣམས།།
རང་གྲོལ་རིག་པའི་ཀློང་དུ་རྣམ་པར་དག།།
གནས་འགྱུ་རིག་པའི་རྒྱུ་མ་དྲན་རླུང་གིས།།
དེད་ནས་ཐོག་མཐའ་བར་དུ་དཔྱད་པའི་ཚེ།།
ས་བཅུའི་ནང་ཁྲོལ་ལམ་ལྔའི་དོན་སྣོད་ཀུན།།
གཞི་མེད་རྨི་ལམ་ནང་གི་ཟློས་གར་འདྲ།།
ད་ནི་རེ་ལྟོས་མེད་པའི་དུས་ཞིག་འདའ།།
སླེབ་ས་མེད་པའི་ཡུལ་ལ་མྱུར་བར་འགྲོ།།
ཐོབ་རྒྱུ་མེད་པའི་འབྲས་བུ་དོན་དུ་གཉེར།།
ད་ལྟའི་སྐད་ཅིག་ངང་ནས་དགོད་གཅིག་ཤོར།
གནས་སྣང་མཐུན་པའི་ངང་ནས་བྱ་བྲལ་ཡང་།།
གནས་སྣང་མི་མཐུན་པས་ན་རབ་ཏུ་བརྩོན།།
རིག་འཛིན་རྒྱུད་པའི་སྒྱུ་འཕྲུལ་རོལ་བ་ཀུན།།
འདམ་སྐྱེས་པདྨ་བཞིན་དུ་རབ་ཏུ་མཛེས།།
མཆོད་དོ་མཆོད་དོ་ཨ་ལི་ཀ་ལི་མཆོད།།
དགྱེས་པར་མཛོད་ཅིག་སྐྱེ་བ་མེད་པའི་ཨ།།
རང་ཉམས་དོ་ཧ་མཆོད་པའི་སྤྲིན་ཕུང་འདི།།
ཕ་རྗེས་བུ་ཆུང་བསྙེགས་པའི་ངོ་མཚར་ལགས།།
འགག་མེད་སྙིང་རྗེའི་ངོ་བོར་ལོངས་སྤྱོད་རྫོགས།།
དབྱེར་མེད་སྒྱུ་འཕྲུལ་རོལ་བ་སྤྲུལ་པའི་སྐུ།།
སྐུ་གསུམ་ཀུན་འདུས་ཡིད་བཞིན་ནོར་བུ་མཁྱེན།།
འཇམ་པའི་གདམས་ངག་རྣ་བར་ལྷན་ནེར་འཇགས།།
བརྩེ་བའི་ཐུགས་རྗེ་ཡིད་ལ་ལྷམ་མེར་དྲན།།
མགོན་པོ་ཁྱེད་དང་གཏན་དུ་འབྲལ་བ་མེད།།
འདིར་སྣང་སྲིད་པའི་སྣང་ཚུལ་བཟང་ངན་ཀུན།།
གནས་ལུགས་དོན་གྱི་ངོ་སྤྲོད་ཟབ་མོས་ཡིས།།
ཡོད་མེད་ཡེ་མཉམ་ཀློང་དུ་ཡང་མཉམ་འགྱུར།།
ངན་རྟོག་སྤོང་བར་འདོད་པའི་ཞེན་པ་སོགས།།
རྩལ་སྣང་རོལ་བ་ཙམ་ལས་གཞི་མེད་པའི།།
དོ་ཧའི་ཟབ་དོན་རྗེ་བཙུན་མགོན་པོས་གསུངས།།
འཁོར་འདས་སྤོང་ལེན་ཞེན་པ་རྩ་བྲལ་འགྱུར།།
བཅོས་མའི་ཆ་ལུགས་ཐམས་ཅད་ལྷུག་པར་བྱས།།
གཏད་སོ་མེད་པའི་བཙན་ས་ཁྱེད་ཀྱིས་བསྟན།།
དགེ་སྡིག་ངོ་བོ་བཙལ་ནས་མ་བརྙེད་ཕྱིར།།
དེའི་འབྲས་བུ་ངན་སོང་འཁོར་འདས་རྣམས།།
རང་གྲོལ་རིག་པའི་ཀློང་དུ་རྣམ་པར་དག།།
དེད་ནས་ཐོག་མཐའ་བར་དུ་དཔྱད་པའི་ཚེ།།
ས་བཅུའི་ནང་ཁྲོལ་ལམ་ལྔའི་དོན་སྣོད་ཀུན།།
གཞི་མེད་རྨི་ལམ་ནང་གི་ཟློས་གར་འདྲ།།
སླེབ་ས་མེད་པའི་ཡུལ་ལ་མྱུར་བར་འགྲོ།།
ཐོབ་རྒྱུ་མེད་པའི་འབྲས་བུ་དོན་དུ་གཉེར།།
ད་ལྟའི་སྐད་ཅིག་ངང་ནས་དགོད་གཅིག་ཤོར།
གནས་སྣང་མི་མཐུན་པས་ན་རབ་ཏུ་བརྩོན།།
རིག་འཛིན་རྒྱུད་པའི་སྒྱུ་འཕྲུལ་རོལ་བ་ཀུན།།
འདམ་སྐྱེས་པདྨ་བཞིན་དུ་རབ་ཏུ་མཛེས།།
དགྱེས་པར་མཛོད་ཅིག་སྐྱེ་བ་མེད་པའི་ཨ།།
རང་ཉམས་དོ་ཧ་མཆོད་པའི་སྤྲིན་ཕུང་འདི།།
ཕ་རྗེས་བུ་ཆུང་བསྙེགས་པའི་ངོ་མཚར་ལགས།།
ཞེས་དཔལ་རྒྱལ་བ་ཀུན་བཟང་བདེ་ཆེན་འོད་གསལ་རྡོ་རྗེའི་ཞབས་རྡུལ་སྤྱིར་བོར་རེག་པའི་སྐལ་བཟང་བ་མི་གནས་རང་བྱུང་གིས། དཔལ་ལྡན་བླ་མ་དམ་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དད་གསུམ་གཡོ་བ་མེད་པའི་ངང་ནས་དྲན་བཞིན་འབྲལ་བ་མེད་པའི་གདེང་ཉམས་ཀྱིས། དོ་ཧ་མཆོད་པའི་སྤྲིན་ཆེན་པོ་འདི་ནུབ་ཧྥ་རན་སིའི་ཡུལ་ནས་ ༢༠༢༠།༠༩།༣༠ ནུབ་མོར་ཤར་མར་ཡིག་གེར་བཀོད་པའོ།།
རྩོམ་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་བཏུས།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།