རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 19 November 2020

རྐུབ་སྟེགས་འདིའི་སྟེང་དུ་ཁྱེད་རང་ཁེར་རྐྱང་བསྡད་མེད།

[རྒྱ་གར་ནང་གི་སྤྱི་ཚོགས་གཏམ་བརྗོད་པ་མུ་ན་ཝར་ཛྷ་མ་ལགས་ཀྱིས་སློབ་གྲྭ་ཞིག་གི་བུ་མོའི་སྡོད་ཁང་དུ་གསུངས་པའི་ཚོར་སྣང་ཤུགས་ཆེར་འབྱིན་པའི་གཏམ་བཤད་གྲགས་ཅན།]

རྐུབ་སྟེགས་འདིའི་སྟེང་དུ་ད་ལྟ་ཁྱེད་རང་བསྡད་ཡོད་དུས་ཁྱེད་རང་ཁེར་རྐྱང་བསྡད་ཡོད་མ་རེད། སོ་སོའི་པ་ལགས་ཀྱི་རེ་བ་དང་ཨ་མ་ལགས་ཀྱི་རྨི་ལམ་ཁྱེད་ཚོ་མཉམ་དུ་བསྡད་ཡོད་རེད། ཁྱེད་ཚོ་ཁེར་རྐྱང་བསྡད་ཡོད་མ་རེད། ཕ་མའི་རེ་བ་དང་ཡིད་ཆེས་ཁྱེད་ཚོ་མཉམ་དུ་ཡོད་རེད། དེ་དག་ལ་རྡོག་རོལ་བཏང་ནས་ཁྱེད་ཚོ་འགྲོ་ཡིས་འདུག དེ་ལ་ཡང་ཡ་མེད་བཏང་ནས་འགྲོ་བཞིན་འདུག 

 
ཁྱེད་ཚོས་འཆར་སྣང་གཅིག་སོམས་དང་ཁྱེད་རང་སྨནཔ་ཆགས་ནས་སྨན་པའི་གོས་དཀར་པོ་དེ་གྱོནཡོད། དེ་དུས་ཁྱེད་རང་ལ་དགའ་སྣང་དེ་ཙམ་ཡོད་མ་རེད། ཁྱེད་རང་གི་ཕ་མ་གཉིས་པོར་དེ་དུས་དགའ་བ་ཇི་ཙམ་ཡོང་མེད་འགྲེལ་བརྗོད་བྱེད་མི་ཐུབ། ཨ་མའི་ཉིན་གཅིག་རིང་བསམ་བློ་གཏོང་ལོང་མེད་པར་ཟ་མ་བཟོས་པའི་སྐབས་སུʺངའི་བུ་མོ་སློབ་གྲྭའི་ཉལ་ཁང་ནང་ལ་ཡོད། མོ་ལ་ལྟོ་ཞིམ་པོ་འདྲ་རག་ཨེ་ཡོད་ན། གལ་ཏེ་མོ་ངའི་ཉེ་འགྲམ་ན་ཡོད་ན་ངས་ཁ་ལག་ཞིམ་པོ་སྟེར་ངེས།ʺ ཞེས་རང་གི་བུ་མོའི་མི་ཚེ་ཡག་པོ་ཆགས་དགོས་པ་སོགས་ལ་བསམ་ནས་བློས་གཏོང་གང་ཐུབ་བྱེད་ཀྱི་ཡོད་པ་རེད། ཕ་ལ་མཚོན་ན་ཁྱེད་ཚོའི་སློབ་ཡོན་སྤྲད་རྒྱུའི་དངུལ་ཡོད་ནའང་འདྲ་མེད་ནའང་འདྲགང་ལྟར་ཐབས་ཤེས་ཅི་དྲག་བྱས་ནས་ཁྱེད་ཚོར་དངུལ་བསྐུར་གྱི་ཡོད། ཁྱེད་ཚོ་སློབ་ཁང་ནང་ལོ་གཉིས་ཙམ་གསུམ་ཙམ་བཞི་ཙམ་སྡོད་རིང་ཨ་མའི་སེམས་ནང་ʺངའི་བརྩེ་བའི་བུ་མོངའི་སྙིང་གི་ནོར་བུད་གང་འདྲ་ཡོད་ན་ʺསྙམ་ནས་སྡོད་ཀྱི་ཡོད། ཡིན་ཡང་ཁྱེད་ཚོ་འདིར་དུས་ཚོད་ཆུད་ཟོས་སུ་བཏང་ནས་བསྡད་ཡོད་པ་རེད། སློབ་ཁང་ནང་སློབ་ཕྲུག་རྒྱ་ཆ་ ༧༠% ཙམ་ཅི་གང་ཡང་མི་བྱེད་པར་དུས་རྟག་ཏུ་ཉལད་དུང་ʺགོང་ནས་ང་ཚོར་དཱ་ལི་མ་གཏོགས་སྟེར་གྱི་མི་འདུག་ʺཅེས་རྙོག་གྲ་ཤོད་ཀྱིན་ཡོད། ཁྱེད་ཚོར་དཱ་ལི་རག་པ་ཙམ་གྱི་དགའ་བ་བསྒོམ་དགོས། 
ཕྲུ་གུ་ཁག་ཅིག་ནི་ལམ་གྱི་གད་སྙིགས་ཁྲོད་ནས་ཟ་མ་འཚོལ་ནས་ཟ་བཞིན་ཡོད། དེ་འདྲའི་ཕྲུ་གུ་དབུལ་གྲོང་ལ་ཡོད་རེད། ཁྱེད་ཚོ་ད་ལྟ་དབུལ་གྲོང་ལ་ཡོད་མ་རེད། ཁྱེད་ཚོ་སློབ་ཁང་ལ་ཡོད་རེད། ཁྱེད་ཚོའི་ཁང་པ་ལ་ཐོག་ཡོད་རེད། ཚ་ན་རླུང་འཁོར་ཡོད་རེད། ཁྱེད་ཚོ་ལ་འདིར་མཐུན་རྐྱེན་ཡག་པོ་ཡོད་རེད། རྐུབ་སྟེགས་འདིའི་སྟེང་ཁྱེད་རང་ཁེར་རྐྱང་ཡོད་མ་རེདཕ་མ་གཉིས་ཀྱི་རེ་བ་དང་ཡིད་ཆེས་ཀྱང་ཁྱེད་ཚོ་མཉམ་དུ་གནས་ཡོད། ཡིན་ན་ཡང་ཁྱེད་ཚོས་ཕ་མ་གཉིས་ཀྱི་རེ་བ་དང་ཡིད་ཆེས་བསྐོང་འདོད་མེད་པ་རེད།
 
གལ་ཏེ་མི་ཚེའི་ནང་གཅིག་ཆགས་འདོད་ན་དཀོན་མཆོག་གིས་གོ་སྐབས་གནང་ཡོད། ད་ལྟའི་འདིར་ཕྲུ་གུ་ཁག་ཅིག་ངུས་བསྡད་འདུག གང་བྱས་ནས་ངུ་ཡིས་ཡོད་དམ། གང་ཡིན་ཟེར་ན་ཁྱེད་ཚོ་སོ་སོའི་ཕ་མ་ལ་བརྩེ་བ་ཡོད་པ་རེད། ཤཱ་རུ་ཁཱན་དང་ཨ་ལི་ཡ་བྷཊ་ (Shahrukh Khan and Alia bhatt) སོགས་སྐབས་ཅིག་རིང་ཡིད་དབང་འཕྲོག་པོ་ཡོད་རེད། འོན་ཀྱང་ཨ་མའི་ངོ་གདོང་མདུན་ལ་འཆར་དུས་དེ་དག་ཅི་གང་ཡང་མིན་པ་ཚོར་གྱི་རེད། ད་དུང་ཕའི་ངོ་གདོང་འཆར་དུས་ཤཱ་རུག་ཁཱན་ཅི་ཡང་མིན་པ་ཚོར་གྱི་རེད། ཁྱེད་ཚོ་ལ་ངེས་ཤེས་དེ་དག་ག་དུས་སྐྱེ་ཡི་ཡོད་དམ་ཞེན། དགེ་རྒན་དང་སློབ་གསོ་བ་དེ་བཞིན་ཁྱེད་རང་ལ་ཡག་པོ་ཞིག་བྱུང་ན་སྙམ་མཁན་ཚོསཁྱེད་ཚོ་ལ་དེའི་སྐོར་བཤད་དུས་ཁྱེད་ཚོར་གཞི་ནས་ངེས་ཤེས་སྐྱེ་ཡི་རེད།
ད་ལྟ་ཁྱེད་ཚོའི་ལོ་ཚོད་འདི་ནི་ཕ་མ་གཉིས་པོས་ལོ་ཚོད་འདིའི་སྐབས་ཆག་སྒོ་འདྲ་མ་བྱུང་ན་སྙམ་པའི་སེམས་ཁྲལ་བྱེད་དགོས་པའི་ལོ་ཚོད་ཅིག་རེད། འོན་ཀྱང་ཁྱེད་ཚོ་ལོག་བཤད་དང་འཆལ་གཏམ་ནང་བྲེལ་ཚུབ་ངང་བསྐྱོད་བཞིན་ཡོད། ད་རེས་ངེས་ཤེས་ཤིག་རྙེད་པའི་ཐོག་ན་ཁྱེད་ཚོ་སོ་སོའི་ཕ་མ་ལ་བརྩེ་གདུང་ཇི་ཙམ་ཡོད་མེད་དང་། ཕ་མས་ང་སློབ་ཁང་འདིར་བཏང་བ་རེད། ད་ངས་འད་བརྩོན་ཇི་ལྟར་བྱ་དགོས་སམ། ཨ་མ་ལྟ་བུར་མཚོན་ན་གང་ཡང་བློས་གཏོང་བྱ་སྲིད། འོན་ཀྱང་བུ་ཕྲུག་དང་ཐག་རིང་སྡོད་མི་ཐུབ། ཕ་ཡང་ཏོག་ཙམ་ཐག་རིང་སྡོད་ཐུབ་སྲིད། འོན་ཀྱང་ཨ་མ་ལ་གྱོན་ཆས་མེད་པ་དང་དངུལ་མེད་པ་སོགས་ཇི་ཙམ་དབུལ་པོ་ཡིན་རུང་། ཨ་མས་ཕྲུ་གུ་ལ་འཐམས་ནས་སྡོད་ཀྱིན་ཡོད། དེ་འདྲ་བའི་ཨ་མས་ཁྱེད་ཐག་རིང་འདི་འདྲ་ཞིག་ལ་གཏོང་ཕོད་དུས་བསམ་བློ་གཏོང་དང་། ཨ་མའི་སེམས་ལ་ལྗིད་ཁོག་གང་འདྲ་ཞིག་ཡོད་མེད་བསམ་བློ་གཏོང་དང་། ཕྲུ་གུ་ཚོ་ཉོན་དང་ཁྱེད་ཚོ་འདིར་ངུ་རྒྱུའི་ཆེད་དུ་སླེབས་ཡོད་མ་རེད་ལངས་ཀྱང་ཁྱེད་ཚོ་ངུ་བཅུག་འདོད་མེད། ཁྱེད་ཚོ་ལ་ངེས་ཤེས་ཤིག་རྙེད་ན་བསམ་ནས་ང་འདིར་ཡོང་བ་ཡིན། དེ་རིང་ཁྱེད་ཚོའི་མིག་ནས་ཐོན་པའི་མིག་ཆུ་དེ་ཆུད་ཟོས་སུ་མ་གཏོང་། དེ་རིང་ཁྱེད་ཚོས་དམ་བཅའ་འཇོག་དང་། ངས་མི་ཚེ་ནང་ལས་ཀ་དེ་འདྲ་ཞིག་བྱས་ནས་ཕ་མ་ལ་དགའ་ཚོར་སྐྱེ་བཅུག་གི་ཡིན། ཕ་མས་ང་ལ་བལྟས་ནས་དགའ་སྤོབས་སྐྱེ་བ་དང་། ཕྲུ་གུ་སློབ་གྲྭར་གཏོང་གོ་ཆོད་འདུག་སྙམ་པ་བྱེད་ཀྱི་ཡིན་ཞེས་དམ་བཅའ་རོགས།
ཕ་མས་ཁྱེད་ཚོར་སློབ་ཁང་དེར་བཅུག་པའི་ཐག་གཅོད་དེ་ལ་མཚོན་ནདེང་གི་ཆར་ཕྲུ་གུ་ཁག་ཅིག་ལག་ཐོགས་ཁ་པར་ཉར་ནས་སོ་སོའི་མི་ཚེ་ཉེན་ཁའི་གནས་སུ་ལྷུང་གི་ཡོད། གཞོན་སྐྱེས་ཁག་གིས་སོ་སོའི་ཕ་མར་ཁྲག་གི་མིག་ཆུ་བཏོན་བཅུག་གི་ཡོད། དོན་མེད་ལ་རྣམ་གཡེང་བྱས། ཡིན་ན་ཡང་ཁྱེད་ཚོ་སློབ་ཁང་འདིར་སླེབས་ཡོད་པསལམ་ལོག་པ་དང་ཉེན་ཁ་སོགས་ཀྱི་གནས་ལས་ཐར་ཡོད། འོན་ཀྱང་ཁྱེད་ཚོ་འདིར་ཡོང་བའི་དགོས་པ་དེ་ཁྱེད་ཚོས་སྒྲུབ་ཀྱི་ཡོད་དམ། ཁྱེད་ཚོ་གློག་བརྙན་ཁང་ལ་ནི་འགྲོ་ཡི་མེད། ཁྱེད་ཚོབྷིག་བྷོས྄་(Big Boss)ནི་ལྟ་ཡི་ཡོད་མ་རེད། དེ་བཞིན་སྤྲོ་འཆམ་ལ་འགྲོ་ཡི་ཡོད་མ་རེད། ད་དུང་ཁྱེད་ཚོ་དགའ་རོགས་དང་མཉམ་དུ་ཟ་ཁང་ནང་ཁ་ལག་ཟ་ཡི་ཡོད་མ་རེད། ཁྱོད་ཚོ་ཆོ་མེད་ཀྱི་ལས་ཀ་དེ་དག་ལས་ཐར་པ་རེད། ཡིན་ན་ཡང་ཁྱོད་ཚོ་ལས་ཀ་དེ་དག་ལས་ཐར་ཆེད་འདིར་ཡོང་བ་ཞིག་མ་རེད། མི་ཚེའི་ནང་བྱ་བ་གལ་ཆེན་ཞིག་བསྒྲུབ་པའི་ཆེད་དུ་ཡོང་བ་རེད། དེའི་ཆེད་དུ་ཁྱེད་ཚོས་དེ་རིང་ཐག་ཆོད་ཅིག་བྱེད་དགོས།
སླེབ་ལ་ཉེ་བའི་ལོ་ཟླའི་ནང་དུ་ལོ་གཅིག་གཉིས་སོགས་ཇི་ཙམ་སྡོད་རིང་སློབ་སྦྱོང་ལ་འད་བརྩོན་བྱ་རྒྱུའི་སྐོར་དེ་རིང་སོ་སོ་སོ་སོར་དམ་བཅའ་འཇོག་དགོས། ད་ལྟའི་ཁྱེད་ཚོའི་ལོ་ཚོད་འདི་གསེར་གྱི་དུས་ཚོད་རེད། དུས་ཚོད་འདིའི་ནང་སོ་སོས་འགྱུར་བ་མ་བཏང་ན་ཕྱིས་སུ་ཕ་མས་གང་ཡང་བྱེད་མི་ཐུབ། ད་ལྟ་ཕ་མས་འགྲོ་སོང་ཇི་ཙམ་གཏོང་དགོས་ནའང་གཏོང་གི་རེད། རྗེས་སུ་ཁོ་ཚོ་ལ་མེད་པ་ཆགས་ཀྱི་རེད། དེ་ནས་ཁོང་ཚོས་ཁྱེད་རང་གི་དཀའ་ངལ་མཐོང་ནས་ན་ཡ་གོ་ཚུགས་ཀྱི་རེད། དེ་དུས་ཁོང་ཚོར་སྨན་བཅོས་ཀྱི་དངུལ་ཡོད་མ་རེད། ཁྱེད་རང་གི་དཀའ་ངལ་དེས་ཁོང་རྣམ་པ་ཡང་དཀའ་ངལ་གནས་སུ་ལྷུང་རྒྱུ་རེད། ཁྱེད་ཚོའིདཀའ་ངལ་དག་མཐོང་ནས་ཁོང་ཚོར་ནད་གསར་པ་འདྲ་བྱུང་སྲིད། ཁྱེད་ཚོ་སོ་སོའི་ཕ་མ་ལ་དཀའ་སྡུག་དེ་དག་སྟེར་བའི་ཆེད་དུ་སྐྱེས་པ་ཡིན་ནམ། དེང་གི་ཆར་ཕ་མ་མང་པོ་གཅིག་ལ་སྙིང་ནད་དང་ཁྲག་ཤེད་ཡོང་གིན་ཡོད། ཕྲུ་གུའི་ཆེད་དུ་བསམ་བློ་མང་པོ་བཏང་ནས་སྐབས་རེར་ཁྲག་བཤེད་ཏག་ཏག་ཡོད་ན་ཡང་ཧོབ་སྟེ་ཁ་ལ་ཕར་འགྲོ་བ་སོགས་ཡོང་གི་ཡོད།
ཁྱེད་ཚོས་ང་ལ་ལན་གཅིག་རྒྱོབ་དང་། ཕ་མས་ཁྱེད་ཚོར་དངུལ་དང་མི་ཚེ་འཕྲོ་བརླག་གཏོང་ཆེད་འདིར་བཏང་བ་ཡིན་ནམ། ཁོང་ཚོས་ཁྱེད་ཚོ་འདི་ནས་ག་དུས་ཐོན་ན་སྙམ་ནས་སྒུག་བསྡད་ཡོད། ཁྱེད་ཚོ་ནང་ལ་གུང་སེང་འགྲོ་སྐབས་ཨ་མའི་གདོང་ལ་ལྟོས་དང་། ཁོང་གི་གདོང་ལ་དགའ་སྣང་ཡོད་པ་མ་ཟདཁྱེད་རང་གི་ཆེས་དགའ་ཤོས་ཀྱི་ཟ་མ་ཡང་བཟོ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། གོ་ལ་འདིའི་ནང་ཁྱེད་རང་ལ་དེ་ལས་ལྷག་པའི་བརྩེ་བ་སྤྲོད་མཁན་མེད་པ་ཁྱེད་ཚོས་ཤེས་ཀྱི་ཡོད་རེད། ཡིན་ན་ཡང་ཁོང་རྣམ་པའི་རེ་བ་ཆུང་ཆུང་ཞིག་ཁྱེད་ཚོར་བཅོལ་ཡོད། ʺཁྱེད་རང་ཚད་ལྡན་ཞིག་ཆགས་ནʺབསམ་པའི་རེ་བ་དེ་ཁོང་རྣམ་པའི་ཆེད་དུ་མ་རེད། ཁྱེད་ཚོའི་ཆེད་དུ་རེད། ཁོང་ཚོ་ཁང་པ་ཆེན་པོ་དང་མོ་ཊ་རྫིག་པོ་ནང་འགྲོ་འདོད་ཡོད་པ་མ་རེད། ཁྱེད་རང་རྗེས་མ་ཁང་པ་ཆེན་པོ་དང་མོ་ཊ་རྫིག་པོ་ཞིག་ནང་ཡོད་པ་ཁོང་ཚོས་མཐོང་འདོད་པ་རེད། དེ་རིང་ཁྱེད་ཚོས་ངུས་པའི་མིག་ཆུ་དེ་ཆུད་ཟོས་སུ་མ་བཏང་བར་ཁས་ལེན་དམ་བཅའ་ཞིག་བྱོས་དང་། ʺང་འདི་ནས་ཐོན་ན་སློབ་སྦྱང་ཚད་ལྡན་ཞིག་བྱས་ནས་ཐོན་གྱི་ཡིན། དེ་ནས་ཐོན་དུས་ངས་དགོས་པའི་ཤེས་ཡོན་སོགས་ཆ་ཚང་སྦྱངས་ནས་ཐོན་གྱི་ཡིན་ʺཞེས་དམ་བཅའ་རོགས། ཁྱེད་ཚོ་མི་རེ་ངོ་རེ་ནི་རིན་ཐང་བྲལ་བ་ཞིག་རེད། ཁྱེད་ཚོ་ལ་སུ་གང་གིས་ཀྱང་གོང་ཚད་འཇལ་ཐུབ་ཀྱི་མ་རེད། རིན་ཐང་བྲལ་བ་རེད། 
གཏམ་བཤད་འགྱུར་མ་འདི་ནི་སྨན་པ་ངག་དབང་རབ་སྒྲོན་གྱི་ངོ་དེབ་ལས་བཤུས་ཤིང་ངེད་རྩོམ་སྒྲིག་པས་ཅུང་ཟད་རེ་བཅོས་སོ།།
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བརྒྱུད་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང་།
གཏམ་བཤད་འདིའི་བརྙན་གཟིགས་འདོད་ན་གཤམ་གྱི་ཡི་གེ་འདིར་གནོན།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།