ནམ་སྟོད་ཤེས་རབ་རྒྱལ་མཚན། (སྔ་འགྱུར་མཐོ་སློབ་ཆེན་མོ།)
མ་ཉལ་མ་ཉལ་ཡར་ལ་ལོངས་ཤོག།
ཞོགས་པའི་ལྗོངས་སུ་འཆམ་འཆམ་ཆས་འགྲོ།།
ཙན་དན་དྲི་ངད་ཐུལ་ཐུལ་བྲོ་སའི།།
ཆགས་སྡང་རྨོངས་པས་ཇུས་གཏོགས་རྐྱང་རྐྱང་།།
སྤྱི་ཚོགས་དྲྭ་བར་མགོ་བོ་མ་འཁོར།།
ཞོགས་པའི་རོལ་དབྱངས་དཀྲོལ་དུ་ཕེབས་དང་།།
དབྱངས་ཅན་ལྷ་མོའི་ཉེ་སར་བཅར་འགྲོ།།
ཉི་མའི་འོད་ཀྱི་ཟེར་ཐག་རེ་རེ།།
དབྱངས་ཅན་ལྷ་མོའི་ཕོ་ཉ་དངོས་རེད།།
ལྷོད་ཀྱིས་བསྒུགས་ལ་ཉམས་སུ་མྱོངས་དང་།།
སྙན་མོ་དབྱངས་ཀྱི་དངོས་གྲུབ་སྩོལ་ངེས།།
གསེར་མདོག་ཉི་མ་གཞོན་ནུའི་འོད་ཟེར།།
གསེར་ཕིབས་རྩེ་ལ་ལམ་ལམ་ཕོག་དུས།།
རྣམ་གླིང་གསེར་གྱི་ལྷ་ཁང་ཆེན་མོ།།
གསེར་འོད་སྔར་ལས་ཆེས་ཆེར་འཕྲོས་བྱུང་།།
བཀྲག་མདངས་འཚེར་བའི་གསེར་འོད་དེ་ནི།།
ཨེ་མ་ཅི་འདྲའི་མཛེས་སྡུག་ལྡན་པ།།
ཡབ་རྗེ་གྲུབ་དབང་བླ་མ་མཆོག་གིས།།
བྱམས་བརྩེའི་འོད་སྣང་བཀྱེ་བ་འདྲ་བྱུང་།།
ཙན་དན་དྲི་བསུང་ལེགས་སྐྱེས་ཁུར་ཞིང་།།
འཇམ་ཞིང་ཡང་བའི་ཞོགས་རླུང་གཙང་མ།།
དབྱངས་ཅན་ལྷ་མོའི་ཁ་རླངས་ཡིན་ནམ།།
རེག་པ་ཙམ་གྱིས་བདེ་སྣང་བྱིན་སོང་།།
འཇའ་རིས་བསླས་པའི་རི་མོ་ནང་བཞིན།།
མེ་ཏོག་ཚོམ་བུ་ཚོམ་བུར་བཀྲ་བས།།
གཙུག་ལག་ཁང་གི་ཁོ་ར་ཁོར་ཡུག།
ལྷ་ཡུལ་བཞིན་དུ་མཛེས་པར་བྱས་སོ།།
འདི་ན་རྒྱུ་བའི་ངུར་སྨྲིག་འདུས་སྡེ།།
ཞལ་ནས་སིདྡྷིའི་འཛབ་དབྱངས་དིར་དིར།།
ཕྱག་ན་ཙན་དན་ཕྲེང་བ་ནར་ནར།།
ཨོ་རྒྱན་པདྨའི་རྗེས་འཇུག་རྣལ་མ།།
ཞོགས་པ་འདི་ནི་ཁ་རླུང་གཙང་བ།།
ཞོགས་པ་འདི་ནི་བསིལ་ཞིང་སྐྱིད་པ།།
ཞོགས་པའི་ལྗོངས་སུ་འཆམ་འཆམ་ཕྱིན་པའི།།
ཞོགས་པའི་རོལ་དབྱངས་ཅུང་ཙམ་དཀྲོལ་ཡོད།།
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང་།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-ཞོགས་པའི་རོལ་དབྱངས།




No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།