ས་ལྡང་པདྨ་རྒྱལ་མཚན། (སྔ་འགྱུར་མཐོ་སློབ་ཆེན་མོ།)
ཨ་སྔོན་དབྱིངས་ཀྱི་ཐང་དཀར་རྒོད་པོ་ཁྱོད།།
གཤོག་རྩལ་གཞན་ལ་མ་ངོམས་ང་ལ་གཡོར།།
རིང་པོར་མི་འགྲོ་གངས་ཅན་བོད་དུ་ཙམ།།
གཡུ་སྤང་སྟེང་གི་ལྷ་བྱ་གོང་མོ་ཁྱོད།།
གཤོག་པས་གར་རྐྱང་མ་བྱེད་ང་གཡོར།།
འགྱང་པོར་མི་འགྲོ་སྐྱིད་པའི་ཕ་ཡུལ་ཙམ།།
དྲིན་ཆེན་ཕ་མ་མཇལ་ནས་ལོག་ལ་ཡོང་།།
མཚོ་ཆུང་སྟེང་གི་ཁྲུང་ཁྲུང་དཀར་མོ་ཁྱོད།།
བརྡབས་པའི་གཤོག་སྒྲས་ཉ་མོ་འཇིགས་སུ་བཅུག།
སྡིག་བྲེ་མ་སྐོང་ཤོག་རྩལ་ང་ལ་གཡོར།།
མཐུན་པའི་མཛའ་གྲོགས་ཐུག་སྟེ་ལོག་ལ་ཡོང་།།
༡༧།༠༡།༢༠༢༡།
ཡོང་ཁུངས།: རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་དྲངས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།