བླ་མ་ནུ་རུ་ཤར་པ། སྔ་འགྱུར་མཐོ་སློབ་ཆེན་མོ།
ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་བྱས་ནས།།
སླར་ཡང་འགྲོ་ཀུན་འདྲེན་པའི་དེད་དཔོན་དུ།།
སྟོད་ཀྱང་རུང་ལ་ཞེ་ནས་སྨད་ཀྱང་རུང་།།
བདག་དང་མ་འབྲེལ་སེམས་ཅན་འགའ་མེད་པས།།
དེ་ཕྱིར་ཅི་དང་གང་ལ་འཐུག་ཀྱང་རུང་།།
རང་གིས་ཡི་དམ་བཅའ་བ་མི་འདོར་ཤོག།
དགའ་དང་མི་དགའ་ཉོན་མོངས་ཕྲག་དོག་སོགས།།
ཀུན་ཀྱང་རང་སེམས་ཆོ་འཕྲུལ་ཡིན་ངེས་པས།།
དོན་གྱི་རང་བྱུང་རིག་པའི་རྩལ་སྦྱོང་ནས།།
རང་རིག་ཆོས་སྐུ་མངོན་དུ་འགྱུར་བར་ཤོག།
དེ་ལྟར་སྨོན་པའི་སྤྲང་འཁྱམ་ནོར་བུ་བདག།
སྔོན་ལས་གཙན་པས་དབང་མེད་ལུས་པ་ལ།།
རྒྱལ་བ་ཀུན་གྱིས་ཐུགས་རྗེ་རྒྱུད་བསྐུལ་ཕྱིར།།
ཡིད་ཀྱི་བསུས་ཏེ་སོར་རྩེས་དྲངས་པ་ལགས།།
༢༠།༠༡།༢༠༢༠།
ཡོང་ཁུངས། གང་ཉིད་ཀྱི་ངོ་དེབ་དྲྭ་བ་ལས་དྲངས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།