ལྷག་བསམ་སྒྲོལ་མ། བཙུན་དགོན་མཚོ་རྒྱལ་བཤད་གྲྭ།
དེ་རིང་ཞོགས་པ་སྐད་འཕྲིན་སྒོ་ཕྱེ་སྟེ་བལྟས་པ་ཡིན། རང་རེ་སྡེ་པ་གཅིག་པའི་ཚོགས་པ་ཞིག་ལ་དམར་རྟགས་ཤིག་འདུག དེ་མ་ཐག་ཏུ་གནས་ཚུལ་གསར་བ་ཅི་ཞིག་ཡོད་ན་སྙམ་སྟེ་བལྟ་བའི་སྐབས་སུ། བསྟི་ལིང་གི་བླ་མ་སྲི་ཐར་སྐུ་གཤེགས་ཏེ་ཐུགས་དམ་བཞུགས་འདུག ཚང་མས་ཤུལ་ལུས་གཉེན་འཁོར་རྣམས་ཀྱི་ཆེད་དུ་གདུང་སེམས་མཉམ་སྐྱེད་བྱེད་རོགས། ཟེར་བའི་ཡིག་ཐུང་ཞིག་འདུག
ངས་བསམ་པར་འདི་ངོ་མ་ཡིན་ནམ། སེམས་སུ་དོགས་པའི་ཚོགས་ཤིག་འགོག་མེད་དུ་འཆར་ཡོང་གི་འདུག་ལ། དངོས་གནས་ཡིན་ནམ་ཞེས་པའི་བསྐྱར་དུ་དྲི་བ་ཞིག་དྲིས་པ་ཡིན་ཏེ། དུས་རྒྱུན་ང་རང་ཚོགས་པའི་ཐེ་གཏོགས་གང་ཡང་མ་བྱས་ཙང་ལན་ཡང་འདེབས་མཁན་ཀྱང་སུ་མ་བྱུང་། དེ་ནས་ངའི་སེམས་སུ་འཁོར་བ་ནི་ཐུགས་དམ་ཞེས་པ་རྒྱུ་རྐྱེན་ཅི་ལ་འབྱུང་མིན་མི་ཤེས་ལ། ད་ལྟའི་བར་པར་བརྙན་སོགས་སུ་མ་གཏོགས་མཇལ་མ་མྱོང་བ་ཞིག་ཡིན། རེད་དེ། ང་ཕ་ཡུལ་དུ་གནས་པའི་རིང་ལ།
ཨ་ཁུ་བླ་མ་ཁོང་ནི་ཧ་ཅང་ཐུགས་སེམས་བཟང་ཞིང་མི་ཚང་མས་དགའ་བོ་བྱེད་ས་ཞིག་ཡིན། ཁོང་གི་ཁང་པའི་མིང་ལ་ཁང་ཆུང་ཟེར་ཞིང་། བུ་ཕྲུག་ནི་བུ་གསུམ་དང་བུ་མོ་གཅིག་ལས་མེད། ཁོང་གི་བཟའ་ཟླ་ནི་ང་ཆུང་ངུའི་སྐབས་སྟེ། ཁོང་གི་བུ་ཕྲུག་རྣམས་ནར་མ་སོན་པའི་དུས་སུ་འཇིག་རྟེན་འདི་དང་ཁ་བྲལ་ནས་བཞུད། རིམ་བཞིན་བུ་ཆུང་ཤོས་ནི་རྒྱ་གར་དུ་སློབ་སྦྱོང་བྱེད་དུ་བཏང་བ་དང་། བུ་མོ་དེ་ཡང་སྡེ་པ་གཞན་གྱི་མི་ཞིག་དང་ལྷན་དུ་གཉེན་བསྒྲིགས་པ་རེད།
ལོ་མང་པོའི་རིང་ལ་ཁང་པར་ཁོང་ཕ་བུ་གསུམ་ལས་མེད་ཀྱང་། ཁོང་ཅག་གི་འཚོ་བ་ནི་ཞི་བདེ་ལྷིང་འཇགས་ཤིག་ཡིན། མ་ཟད་བུ་གཉིས་ཀྱང་ཕ་དམ་པའི་བཀའ་དྲིན་ལས་ཡི་གེ་འབྲི་ཀློག་ཤེས་པ་མ་ཚད།
གཤིས་རྒྱུད་བཟང་ལ་ངང་རྒྱུད་རིང་། ལྷག་པར་དུ་བུ་ཆེ་ཤོས་ཀྱིས་ལག་བཟོ་འདྲ་མིན་སྣ་ཚོགས་ཤིག་ཤེས་པས་ཡུལ་མི་ཚོ་ལ་ཕན་ཐོགས་ཧ་ཅང་ཆེ། ཁོང་ཚོའི་ཁང་པ་ནི་ཀ་རང་དང་བསྟི་ལིང་གི་བར་དུ་གནས་ཡོད་ཅིང་། དུས་དང་རྣམ་པ་ཀུན་ཏུ་ཁོང་ཚང་དུ་དོན་ཡོད་དོན་མེད་དང་། རྒན་གཞོན་དང་ཆེ་ཆུང་། བཟང་ངན་སོགས་གང་ཡང་མེད་པར་དེར་ཚོགས་ཤིང་། མི་ཇི་ཙམ་བསླེབས་ཀྱང་ཁོང་ཕ་བུ་གསུམ་གྱིས་ཁ་ནག་དང་ངོ་ནག་གང་ཡང་མེད་པའི་ཐོག་ནས་ཇ་ཆང་འདྲེན་པ་ནི། ཀུན་གྱིས་ཧ་ལས་པའི་ཡུལ་དུ་གྱུར་པ་ཡིན།
མདོར་ན་ཕ་མ་ལས་ཀར་སོང་སྟེ་ཡུན་རིང་འགོར་ནས་ཕྲུ་གུ་ལྟོགས་པ་དང་། རྒན་གོག་ལོ་ན་མཐོ་བ་དང་། བཟའ་ཚང་མ་འཆམ་པའི་རྐྱེན་པས་འགྲོ་ས་མ་རག་པ་ལ་སོགས་པ་ཐམས་ཅད་ཁོང་ཚོ་ཡོད་སར་སྐྱབས་བཅོལ་གྱི་ཡོད། དེ་བཞིན་ཕ་གཞོན་མོ་གཞོན་ཚོས་ལས་ཀ་མེད་པའི་སྐབས་དང་བསྟུན་ནས་ཁོང་ཚོའི་སར་འཛོམས་ཏེ་གླུ་ལེན་པ་དང་བྲོ་འཁྲབ་ཀྱི་ཡོད། དགུན་ཟླ་གསུམ་རྒྱུན་པར་ཨ་ཁུ་བླ་མ་ཁོང་ནི་སྐུ་མཚམས་སུ་བཞུགས་ཤིང་། ཞོར་དུ་ཁྱིམ་ཚེས་ཕྲུ་གུ་ཚོ་ལ་ཀློག་འདོན་སློབ་གནང་གི་ཡོད།
ཡོང་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ་བཤུས།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།