སློབ་དཔོན་ཨོ་རྒྱན་ཆོས་འཕེལ།
འཁོར་འདས་དབྱེར་མེད་དབྱིངས་རིག་སྟོང་པའི་ངང་ལས།།
ཐུགས་རྗེ་མ་འགགས་རྟག་ཁྱབ་ལྷུན་གྲུབ་རིག་མདངས།།
ཞི་རྒྱས་དབང་དྲག་རོལ་པའི་དཀྱིལ་འཁོར་འཆར་པ།།
གདོད་ནས་སྐྱེ་བ་མེད་པའི་ཆོས་དབྱིངས་མཁའ་ལ།།
བདེ་གསལ་མི་རྟོག་ཆོས་སྐུའི་རིག་པའི་རྩལ་སྣང་།།
ཅིར་ཡང་གསལ་ལེར་ལོངས་སྐུའི་མཚན་དཔེར་འཕྲོ་ཞིང་།།
སྣ་ཚོགས་སྤྲུལ་སྐུའི་རོལ་གར་ལྷུན་གྱིས་རྫོགས་པ།།
སྐུ་བཞི་ངོ་བོ་པད་འབྱུང་ཁྱེད་རང་མཁྱེན་ནོ།།
རྒྱ་ཆད་ཕྱོགས་ལྷུང་བྲལ་བ་གཉུག་མའི་གཞི་ཐོག།
ཁྲེགས་ཆོད་ཐོད་རྒལ་རྩོལ་མེད་བདེ་བའི་ལམ་གྱིས།
གདོད་མའི་བཙན་སར་གཞོན་ནུ་བུམ་སྐུར་གྲོལ་པ།།
གཞི་ལམ་འབྲས་བུའི་ངོ་བོ་ཁྱེད་རང་མཁྱེན་ནོ།།
བཟང་ངན་མཉམ་ཉིད་རིག་པ་གཞི་ཐོག་ཕྱིན་པས།།
མཚན་མེད་རྣལ་འབྱོར་མ་བཅོས་རང་སར་སློད་དེ།།
སྤྱོད་པ་བླང་དོར་བྲལ་པའི་དབུགས་དབྱུང་ཐོབ་པ།།
ལྟ་སྒོམ་སྤྱོད་གསུམ་ངོ་བོ་ཁྱེད་རང་མཁྱེན་ནོ།།
མ་བཅོས་འོད་གསལ་རིག་པ་ཆོས་སྐུའི་ཀློང་ནས།།
སེམས་ཉིད་ཕྱི་གསལ་ལོངས་སྐུའི་རོལ་པར་ཤར་པས།།
གང་འདུལ་བསམ་ཡས་སྒྱུ་འཕྲུལ་རྟག་ཏུ་ངོམ་པའི།།
སྐུ་གསུམ་ངོ་བོ་པད་འབྱུང་ཁྱེད་རང་མཁྱེན་ནོ།།
༢༠༢༡/༠༢/༠༡
ཡོང་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།