རང་ཉིད་ཀྱི་འགྲམ་དུ།བརྩེ་སེམས་ཀྱི་མེ་ཏོག་ཅིག་བཞད།ཚོན་རྩིས་མ་ལྷད་པའི་མེ་ཏོག་དེ།མཛེས་སྡུག་གི་ལང་ཚོ་གྲོལ།དེའི་མདངས་དང་དྲི་མ་ཁོ་ནས།གར་པོ་གར་པོ་གྱུར་བའི།བདག་གི་ཁུ་བ་དགརང་ཉིད་ཀྱི་འགྲམ་དུ།མཛེས་ལྡན་གྱི་ལྗང་བུ་ཞིག་འབུས།དྲི་ཞིམ་ཐུལ་བའི་ལྗང་བུ་དེ།ཚེ་སྲོག་གི་རྣམ་ཤེས་རྒྱས་དུས།དེའི་རེ་འདུན་དང་འཚོལ་སྙེག་ཁོ་ནས།གར་པོ་གར་པོ་གྱུར་བའི།བདག་གི་ཁུ་བ་དགཚངས་དབྱངས་རྒྱ་མཚོའི་གཟིམས་མལ་དུ་བཞུར།རང་ཉིད་ཀྱི་འགྲམ་དུ།ལོ་ཟླས་འཇུས་པའི་སྙན་ངག་ཅིག་བཙསཐ་སྙད་ཀྱིས་བཏུས་པའི་སྙན་ངག་དེ།དུང་ཞེན་གྱིས་ག་ལེར་སླུ་དུས།དེའི་འཛུམ་མདངས་དང་སྤྲོ་སྣང་ཁོ་ནས།གར་པོ་གར་པོ་གྱུར་བའི།བདག་གི་ཁུ་བ་དགརང་ཉིད་ཀྱི་རྐང་འོག་ཏུ་ལྷུང་།
རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།
Wednesday, 3 February 2021
ཁྱེད་རང་།
3 comments:
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།

སྙན་པོ་འདུག
ReplyDeleteསྙན་པོ་འདུག
ReplyDeleteསྙན་པོ་འདུག
ReplyDelete