རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 13 February 2021

«དོལ་པོ་གསེར་གྱི་ཕོར་པའི་»རོལ་རྩེད་ཐེངས་གཉིས་པ་དབུ་འཛུགས་འཆར།


བལ་ཡུལ་ཀཱཋ་མཱཎ་ཌུ།: «དོལ་པོ་རྩེད་འགྲན་ཚོགས་པས»གཉེར་བའི་«དོལ་པོ་གསེར་གྱི་ཕོར་པའི་»རྐང་རྩེད་པོ་ལོའི་རོལ་རྩེད་ཐེངས་གཉིས་པ་དེ། ས་གནས་བཽདྡྷ་མཆོད་རྟེན་ཉེ་འགྲམ་གྱི་«ལེ་ཧི་མཱ་ལ་ཡ་ཧྥུཊ་སལ་»དུ། ཡོང་ལ་ཉེ་བའི་བལ་ཟླ་ ༡༡ པའི་ཚེས་ ༢༢ སྤྱི་ཟླ་ ༣ པའི་ཚེས་ ༦ ཉིན་དབུ་འཛུགས་འཆར་རེད་འདུག

   སྔར་སྲོལ་ལྟར་དོལ་པོ་སྟོད་ཕྱོགས་ཀྱི་སྤྱི་ཁྱབ་གྲོང་སྡེ་ལྷན་ཁང་གསུམ་ཀ་ནས་ཕན་ཚུན་འགྲན་སྡུར་བྱེད་རྒྱུ་དང་། དེ་ལ་ནང་གསེས་སྡེ་ཚན་ ༡༧ ཐམ་པ་བགོ་རྒྱུ་ཡིན་འདུག་ལ། འགྲན་ཞུགས་པ་ཐམས་ཅད་སོ་སོའི་གྲོང་སྡེ་ལྷན་ཁང་ནས་ཡིན་དགོས་པ་མ་ཟད། འགྲན་ཞུགས་པ་ཕོ་གཞོན་དང་མོ་གཞོན་གཉིས་ཀ་འཛུལ་ཞུགས་བྱེད་ཆོག་པ་རེད་འདུག  འགྲན་ཞུགས་པའི་ནང་ནས་སུས་རྒྱལ་ཁ་ཐོབ་པ་དེར་དོལ་པོའི་ཐུན་མིན་རིག་གཞུང་གི་གསེར་གྱི་ཕོར་རུས་གཙོས་པའི་དངུལ་དམར་གྱི་གཟེངས་རྟགས་སོགས་འཐོབ་རྒྱུ་ཡིན་པ་དང་། དངུལ་དམར་གཟེངས་རྟགས་ཐད་རྗེས་སུ་གསལ་བཤད་ཞུ་ཆོག་པའི་སྐུལ་བརྡ་གནང་འདུག


   ད་ལན་གྱི་རྩེད་འགྲན་སྐབས་འདིའི་འགྲོ་གྲོན་ཐད་ལ་བསམ་ན། འགྲན་ཞུགས་པ་གཞོན་སྐྱེས་ནང་ཁུལ་ལ་འགོ་གྲོན་བསྡུ་དགོས་བྱུང་ཡོད། དེ་མིན་ཟུར་ནས་ཞལ་འདེབས་ཕྲན་བུ་འདྲ་འབྱོར་ཡོད་པ་ལས། དམིགས་བསལ་སྦྱིན་བདག་གནང་མཁན་མ་བྱུང་། ད་བར་དོལ་པོའི་ས་གནས་གསུམ་ཀའི་གཞུང་ཚོགས་རྣམས་ནས་རྩེད་འགྲན་ཚོགས་པ་འདིར་འགྲོ་གྲོན་ཐད་རོགས་སྐྱོར་གནང་སོན་མ་བྱུང་ཡང་། བཀུར་འོས་ས་གནས་ལས་གཞུང་རྣམ་པས་ཐུགས་བརྩེ་ཆེན་པོའི་སྒོ་ནས་རོགས་སྐྱོར་གནང་རྒྱུའི་ཞལ་བཞེས་ཟབ་མོ་ཐོབ་ཡོད་ལ། རྩེད་འགྲན་ཚོགས་པའི་ངོས་ནས་ཀྱང་མ་འོངས་པའི་ཆར་རོགས་སྐྱོར་གནང་སྐྱོང་ཡོང་བའི་ཡིད་ཆེས་གཏིང་ཟབ་ཡོད་ཅེས་ཞུ་གི་འདུག 

གསར་འགྱུར་མཁོ་སྤྲོད་པ།: 
རྩེད་འགྲན་ཚོགས་པའི་ཚོགས་གཙོ་བུ་ཆུང་འགྱུར་རིག་ལགས།

_______________
ཡོང་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང་།

1 comment:

  1. བཀའ་དྲིན་ཆེ་སློབ་དཔོན་ལགས།

    ReplyDelete

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།