༄༅། །ན་མོ་གུ་རུ།
ཀ་མ་ལ་རྣམས་སྣ་ཚོགས་དཀྲམ་པའི་སིལ་བའི་འཚོ་ནས།།
ཉིལ་ལ་ཁད་པའི་རྒུད་པའི་མེ་ཏོག་གདུང་བས་འབོད་དོ།།
དར་ཅིག་བཞུགས་དང་གསོན་པར་མཛོད་ཅིག་རྒྱུ་སྐར་རྒྱལ་པོ།།
དབང་མེད་མཚོ་གླིང་བརྒྱན་པའི་མེ་ཏོག་གསར་བུ་དཀྲ་རྣམས།།
རྟ་བདུན་དབང་པོའི་ཞལ་ཙམ་མཇལ་བའི་སྐལ་བའང་མེད་པའི།།
དུས་ངན་ནད་རིགས་སྤྲིན་ནག་འཁྲིགས་པ་འདི་ཡི་རྐྱེན་པས།།
པད་མའི་གཉེན་དེ་མཇལ་བའི་ཡུལ་ལས་འདས་པ་མིན་ནམ།།
དུས་ངན་སྨག་རུམ་མང་རུ་མང་རུ་འགྲོ་ཡིན་འགྲོ་ཡིན།།
དུས་གསུམ་རྒྱལ་བའི་དབང་པོ་ཁྱེད་རྣམས་མང་རུ་དྲན་འདའ།།
ཕ་གཅིག་བླ་མའི་ཐུགས་ཀྱི་དཀྱིལ་འཁོར་ཉམས་ཆུང་གྲྭ་མང་།།
ཐང་ལ་མ་བོར་ཐུགས་རྗེས་ཟུངས་ཤིག་གུ་རུ་རྗེ་རྣམས།།
ཡབ་རྗེ་དམ་པའི་གཅེས་པར་སྐྱོང་བའི་བུ་འབངས་འཁོར་རྣམས།།
ཅི་ལ་ཐུག་ཀྱང་ཇི་བཞིན་སྐྱོང་བའི་ཐུགས་ཀྱི་དམ་བཅའ།།
ཡལ་བར་མ་འདོར་ཐུགས་རྗེས་ཉམས་ཆུང་འབངས་ལ་གཟིགས་མཛོད།།
མཚོ་བྱུང་རྒྱལ་པོའི་བུ་བརྒྱུད་མ་འདོར་སྐྱོང་མཛོད་གུ་རུ།།
_______________
རྩོམ་ཁུངས།: རྩོམ་པ་པོའི་ངོ་དེབ་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-བླ་མ་ངག་དབང་ཡོན་ཏན་རྒྱ་མཚོའི་སྙན་ངག་གཅིག


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།