སྤྲུལ་པདྨ་ཚེ་མཆོག་རྡོ་རྗེ།
མེད་ཟེར་ན་འཁོར་འདས་སྣ་ཚོགས་འབྱུང་།།
དེ་གཉིས་ལས་འདས་པའི་ཕོ་བྲང་ནས།།
སྐྱིད་ཟེར་ན་སྐྱིད་རྒྱུ་ཅང་མ་མཆིས།།
སྡུག་ཟེར་ན་སྡུག་རྒྱུའང་ཅི་ཞིག་ཡོད།།
སྐྱིད་སྡུག་ལས་འདས་པའི་བདེ་ཆེན་ཞིག།
རྗེ་བླ་མའི་དྲུང་ནས་ཞུ་བར་འདོད།།
རྒྱུད་ཉོན་མོངས་དུག་གིས་མནར་མནར་ནས།།
ཆོས་ཉམས་ལེན་ཟེེར་བ་དོན་མ་གོ།
དུས་དེ་རིང་སེམས་པ་སྐྱོ་སྣང་ཞིག།
རྗེ་བླ་མ་སེམས་ནས་ལྷང་ལྷང་དྲན།།
ལོ་འཁོར་མོ་གཅིག་གི་ནང་ཚུད་དུ།།
རྗེ་ཁྱེད་དང་མཇལ་བའི་སྐལ་བཟང་ཞིག།
ཐེངས་གཅིག་ལས་མ་གཏོགས་མེད་པ་ལ།།
དུས་ད་ལོ་དེ་ཡང་ཕོངས་པར་བྱས།།
དུས་ངན་པ་ཡིད་རྟོན་མེད་པའི་དུས།།
ནད་ངན་པ་ཡལ་རྒྱུ་མེད་པ་ཞིག།
དགོས་མེད་ཀྱི་ཆོ་འཕྲུལ་ཆེན་པོ་དེས།།
ང་བླ་མ་མཇལ་བའི་གོ་སྐབས་ཕྲོགས།།
༢༠༢༡།༠༣།༠༢ དགོང་མོ་རང་ཉིད་གཅིག་པུར་བསྐོར་བ་ལ་ཕྱིན་པས་སེམས་སྐྱོ་ལྷང་ལྷང་ཞིག་གིས་ཤག་ཏུ་ལོག་ནས་བྲིས།
_______________
རྩོམ་ཁུངས།: རྩོམ་པ་པོའི་ངོ་དེབ་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-ཡབ་རྗེ་བླ་མ་དྲན་པའི་ངུ་ངག

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།