________________________
ཀློག་པ་པོ།
ལོ་རྒྱུས་ཐར་ར་ཐོར་རེ།།
ཆར་པ་བཞིན་དུ་བབས་ཡོང་།།
དབྱར་གྱི་འདམ་རྫབ་རྫོར་ཀྱང་།།
ཆར་གདུགས་འོག་ནས་ཀློག་ཡོད།།
དཔྱད་རྩོམ་འར་ར་འུར་རེ།།
རླུང་ཚུབ་བཞིན་དུ་ཚུབས་འོང་།།
དཔྱིད་ཀྱི་ཐལ་རྡུལ་གཟན་ཀྱང་།།
མིག་ཤེལ་གྱོན་ནས་ཀློག་ཡོད།།
༡༥/༠༣/༢༠༢༡
________________________
འབྲེལ་ལམ།
ཁྱོད་ཀྱི་ང་ལ་རྣམ་འགྱུར་བཙོག་པ་སྟོན།།
ང་ཡི་ཁྱོད་ལ་ལྟ་སྟངས་ངན་པ་བཟུང་།།
ཁྱོད་དང་ང་ཡི་བར་གྱི་ལྟ་ཚུལ་འོག།
ཉིན་ནས་ཉིན་རེ་གནས་ཚུལ་སྡུག་ཏུ་རེད།།
ང་ཚོས་ཕན་ཚུན་གྱི་འབྲེལ་ལམ་ནི་ཕན་ཚུན་གྱི་ལྟ་ཚུལ་འོག་ན་ཡོད་པས། ནམ་ཡང་ང་ཚོས་འབྲེལ་ལམ་བཟང་མིན་ནི་ལྟ་ཚུལ་བཟང་མིན་ལ་རག་ལས་ཡོད། ༡༩/༠༩/༢༠༢༡
________________________
ཆང་རྒན་ར་བཟི།
བག་ཆགས་སྦང་མ་ཞིག་ལ།
རྣམ་རྟོག་ཕབས་རྟ་བསྲེས་ཏེ།
ཆང་རྒན་ར་བཟི་དེ་ཚོས།
རིག་པའི་རྗེས་འབྲངས་ཡིན་ཅེས།
བདེན་གཏམ་ཡིན་ཟེར་གྲགས་འོང་།
༢༣/༠༣/༢༠༢༡
________________________
རྟུག་དྲི་ཤོར་བའི་གྲྭ་པ་ལང་ཤོར།
ཚོར་སྣང་རྗེས་སུ་འབྲངས་ནས་མ་བཤད་ཀྱང་།།
དྲང་པོའི་གཏམ་གྱིས་འདི་ནས་མར་བཤད་ན།།
དམར་སེར་གོས་ཀྱིས་ཡོད་ཚད་གཏུམས་ན་ཡང་།།
རྟུག་དྲི་དྲི་མ་ཡོད་ཚད་ཤོར་ནས་འདུག།
འཁོར་བར་ཞེན་ཆགས་སྤོང་ལ་མི་རྩོན་ཀྱང་།།
བཅོས་མིན་ངེས་འབྱུང་དགོས་ཞེས་ངས་ཀྱང་རྩོད།།
ད་དུང་གཞན་ལ་ཐག་གཅོད་བྱེད་སྟངས་འདི།།
དབང་ཆེན་རྒྱལ་པོའི་ལུགས་ལས་སྐྱོ་བ་རེད།།
དམངས་ལ་བཀལ་བའི་ཁུར་བོ་ལྗིད་ཁོག་དེ།།
རང་གིས་མི་ཐེགས་སེམས་ལ་གཡར་ན་ཡང་།།
བུ་ལོན་ལག་པས་འཇལ་དགོས་མ་ཐུག་མོད།།
མ་འོངས་དམྱལ་བར་འཕེན་པའི་འུར་རྡོ་ཞིག།
༠༣/༠༤/༢༠༢༡
མ་འོངས་ཕྱི་མ་ཟེར་བ་ཡོད་ཀྱང་རུང་།།
ཚེ་འདིར་བདག་གི་བློས་ཐོངས་མི་འདུག་པས།།
དེ་རིང་ཤར་པའི་ཉི་མ་མ་ལྡེས་ན།།
སང་ཉིན་སྤྲིན་གྱི་ཉི་མ་གབ་ན་གྱོང་།།
༠༡/༠༤/༢༠༢༡
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-འཇིགས་མེད་ཆོས་བཟང་གི་སྙན་རྩོམ་ཆེད་བསྒྲིགས།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།





No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།