རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 19 September 2021

«ནས་ཁུར་བུ་མོ།»ཡི་གངས་རིའི་སྐར་རྒྱན།

གངས་སེང་དཀར་མོ། རྣམ་གྲོལ་གླིང་།

གཤིས་ཀ་བལ་ལས་འཇམ་པའི་དབྱངས་ཅན་ནས་ཁུར་བུ་མོ།།
གངས་རིའི་སྐར་རྒྱན་དཀྱིལ་གྱི་མཛེས་ལྡན་གངས་དཀར་ལྷ་མོ།།
ཚུར་ཚུར་ཚུར་ལ་གཅོར་དང་ཕར་ཕར་ཕར་ལ་ཁྱེད་དང་།།
མདོངས་ལྡན་རྨ་བྱའི་མཛེས་སྡུག་ཁྱེད་ཀྱི་ལུས་ལ་འཁྱིལ་བཞག།

སྒྲ་སྙན་བཀྲ་ཤིས་རྒྱལ་པོས་ཆར་པ་གནམ་ནས་ཕབ་སོང་།།
གྲེ་བ་དབྱངས་ལ་བསྟིམས་ནས་ས་ལ་མེ་ཏོག་བཞད་སོང་།།
ཡར་ཡར་ཡར་ལ་སོང་དང་མར་མར་མར་ལ་ཤོག་དང་།།
ཡིད་དུ་འོང་བའི་འཛུམ་ཞལ་གར་སྟེགས་སྟེང་ལ་ཕྲོད་བཞག།

གཡང་ལ་མ་ཁུ་འཁྱིལ་བའི་བསོད་ནམས་ཟིལ་བ་ཁྲོམ་ཁྲོམ།།
ནུས་དཀར་རྩམ་པའི་བྲོ་བ་དབྱངས་ཀྱི་ཁ་ན་འཕྱུར་འཕྱུར།།
ཐད་ཐད་ཐད་ལ་དགོད་དང་སྔུན་སྔུན་སྔུན་ལ་འཛུམ་དང་།།
ཚེ་རབས་འོད་ལ་བསྟབས་པའི་ཉི་མ་སྐྱིད་ཀྱིས་གང་བཞག།

ཞལ་རས་འཛུམ་འཛུམ་འཛུམ་འཛུམ་ཟླ་དཀར་མཚོ་ལ་ལྷུང་འདྲ།།
སྐུ་གཟུགས་ལྡེམ་ལྡེམ་ལྡེམ་ལྡེམ་རྒྱ་ལྕང་བསེར་བུས་བསྐྱོད་འདྲ།།
ཐུར་ཐུར་ཐུར་ལ་བོབས་དང་གྱེན་གྱེན་གྱེན་ལ་གཟིགས་དང་།།
ཕ་ཁྱིམ་ཞེ་ལ་གཅུགས་པའི་སེམས་པ་གདངས་ལ་འཐེན་བཞག།

གློག་འོད་ཆེམ་ཆེམ་ཆེམ་ཆེམ་སྐར་ཚོགས་མཁའ་ལ་འཚེར་འདྲ།།
རོལ་དབྱངས་སིལ་སིལ་སིལ་རྒྱ་མཚོ་རླབས་ཀྱིས་བསྡེབས་འདྲ།།
ཟུར་ཟུར་ཟུར་ལ་ལྡེམ་དང་འགྲམ་འགྲམ་འགྲམ་ལ་འཁོར་དང་།།
བརྩེ་བའི་མཚོ་ཆེན་རྡོལ་བའི་ཟུར་མིག་འོད་ལ་འདྲེས་བཞག།

༢༠༢༡/༩/༡༩

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།