ཁ་བའི་འདབ་མ་གཡོ་བའི་སྣང་ཚུལ་ཞིག །
ག་བར་བལྟས་ན་རྨི་ལམ་བྲང་ཁར་ལྷུང་།།
ཅ་ཅོ་མང་པོའི་འཇིག་རྟེན་གྲུ་ཟུར་ནས།།
ཆ་ལུགས་སྣ་མང་ཁྲོད་དུ་འཚང་དགོས་ཤིང་།།
ཇ་ཆང་ཅི་དགར་ལོངས་སུ་སྤྱོད་མཁན་དག །
ཉ་མོ་ནང་བཞིན་ལུས་ཀྱང་འཁྱུག་སྟངས་མཚར།།
ཏ་ཐཱའི་བསྟན་ལ་གནས་པའི་དགེ་འདུན་སྡེ།།
ཐ་སྙད་རོལ་དབྱངས་དཀྲོལ་ནས་སྙན་ངག་འཚོལ།།
ད་ལྟའི་མིག་ལ་མཛེས་པའི་ཐེག་མཆོག་གླིང་།།
ན་མཁན་མེད་ཅིང་ནད་ངན་དྲི་དང་བྲལ།།
པ་སངས་རྒྱུ་སྐར་མཛེས་པའི་མཚན་ངོགས་ན།།
ཕ་ཆོས་རྫོགས་ལྡན་གསར་པའི་ཁྱིམ་གཞི་འཚོལ།།
བ་གམ་རྒྱ་ཕིབས་འོག་གི་སྙན་པའི་དབྱངས།།
མ་ཡུམ་མཐོ་སློབ་ཆེན་མོའི་ཕྱོགས་ཀུན་ཁྱབ།།
ཙ་རི་དབེན་པའི་ནགས་ཚལ་སྟུག་པོ་ན།།
ཚ་གྲང་དཀའ་སྡུག་མྱངས་པའི་བླ་མ་རྗེས།།
ཛ་དྲག་དུས་ཚོད་འགྱུར་བའི་ལྟེབ་ཁུག་ཏུ།།
ཝ་ལེར་དད་པའི་ཞིང་ས་ལྷང་ངེར་གསལ།།
ཞྭ་གོས་ཡོད་ཚད་གནང་མཁན་སུ་ཞིག་ལགས།།
ཟ་འཐུང་ལོངས་སྤྱོད་ཐམས་ཅད་གྲུབ་འདུག་ན།།
འ་འུར་གཡོ་ཐབས་འཕྲུལ་དང་མ་འདྲེས་པས།།
ཡ་གིའི་སྟེང་ཕྱོགས་ལྷ་ཡང་མགུ་བར་བྱས།།
ར་བ་རང་སེམས་དྭངས་མའི་མེ་ལོང་ནང་།།
ལ་ལུང་མང་པོའི་རྒྱབ་ཀྱི་རྨི་ལམ་དག །
ཤ་ཚའི་གཏམ་དང་སྦྱར་ཏེ་བཤད་ཡོང་ན།།
ས་སྟེང་འདི་ན་ང་རང་གསོན་དགོས་སྙམ།།
ཧ་ལམ་ས་མཐའི་ཡུལ་ནས་སད་དགོས་ཤིང་།།
ཨ་ལ་ཀུ་རེ་མཉམ་དུ་གཉིད་ཤོར་ན།།
ཧ་ཅང་ཐ་ཤལ་ཁོ་བོའི་མི་ཚེ་འདིར།།
ཨ་འཐས་འཛིན་པ་རིང་དུ་བྲལ་བར་ཤོག །
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།