ཤེས་རབ་རྒྱལ་མཚན། སྔ་འགྱུར་མཐོ་སློབ་ཆེན་མོ།
རླུང་དམར་དྲག་ཏུ་འཚུབ་པའི་ལུང་སྟོང་ཞིག་ན།།
ཐལ་རྡུལ་མཁའ་ལ་འཕུར་བའི་འུར་སྒྲ་ཚ་བ།།
ཕྱེ་མ་ཟུམ་གྱི་མིག་གཉིས་གང་དུ་བལྟས་ཀྱང་།།
མུན་པ་གྲོགས་སུ་བསྟེན་པའི་འུག་པ་མིན་ཡང་།།
དགུན་ཀའི་མཚན་གཞུང་རིང་མོའི་ས་ཚིགས་བརྒལ་དུས།།
ཁ་བ་བུ་ཡུག་འདྲེས་མའི་གྲང་ངར་ཞིག་གིས།།
ཆུ་མོའི་འགྲོས་དང་སྐད་ཉིས་འཁྱག་གིས་བསྡམས་སོང་།།
དུས་བཞིའི་འཕོ་འགྱུར་བཙན་པོའི་བཀའ་ཁྲིམས་འོག་ནས།།
དབྱར་གོས་ལྗང་ལོ་མཛེས་པོ་བཙན་གྱིས་ཕུད་དེ།།
ཁ་སང་དེ་རིང་འཇིག་རྟེན་མི་ཡུལ་ཁམས་ན།།
དམར་རྗེན་འགྲེང་དགོས་ཐུག་པ་ངོ་རེ་ཚ་བ།།
འཁྱོལ་བར་དཀའ་བའི་དགུན་ཀའི་མཚན་གཞུང་འདི་ནས།།
སྙན་དང་མི་སྙན་སྣ་ཚོགས་ཅི་ཞིག་གྲགས་ཀྱང་།།
འཁྱག་གིས་བསྡམས་པའི་སྙིང་ལ་སུན་གཙེར་སྟེར་བའི།།
སྡོང་ལོ་སྐམ་པོའི་ཧྲག་སྒྲ་ཉིད་དུ་སྣང་སོང་།།
༢༠༢༡/༡༤/༡༡
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།