སློབ་དཔོན་པདྨ་རྒྱལ་མཚན་དོལ་པོ།
རྗེ་བླ་མ་མཁྱེན་ནོ།
མུན་པའི་ལྭ་བ་དགུ་རྩེགས་གཡོགས་པའི་དུས།།
ཤེས་རིག་ཉི་མའི་འོད་མདངས་འཕྲོས་ན་ཡང་།།
འདི་ཕྱི་ཀུན་གྱི་ལམ་སྟོན་སྣང་བའི་སྒོ།།
ཀུན་གྱི་མདུན་ན་ཐོན་པ་མེད་ན་ཡང་།།
ཀུན་དང་མཉམ་འགྲོགས་ཐུབ་པའི་ནུས་པ་འདིས།།
ཀུན་གྱི་འོག་ཏུ་མེད་པའི་འཁྱམས་པོ་ལ།།
བསམས་ཤིང་བསམས་ན་ཚིག་ཏུ་བརྗོད་ཐབས་བྲལ།།
སྐྱེས་ཡུལ་བྲལ་ནས་ལོ་ངོ་བཅུ་ཕྲག་སོང་།།
ཕ་མ་བྲལ་ནས་ད་ཕྲུག་སོན་པོར་གྱུར།།
རྒྱུས་མེད་ཡུལ་དུ་ཕ་མ་ཇི་བཞིན་བསྐྱངས།།
འགྲན་ཟླ་མེད་པའི་ཕ་མ་ཁྱེད་རང་ཡིན།།
བཅུ་ཕྲག་རིག་པའི་གནས་ཀྱི་སྦྲང་རྩི་མྱངས།།
མདོ་སྔགས་དམ་པ་མང་པོའི་གོ་སྐབས་རག།
སྐབས་འགར་སྐྱིད་པའི་སྣང་བ་ཚད་མེད་ཤར།།
འདི་དུས་དྲིན་ཅན་བླ་མ་ལྷག་ཏུ་དྲན།།
བསྟན་དང་སྟོན་པ་མི་ཤེས་རྨོངས་པ་ཞིག།
ད་ཆ་སྟོན་པའི་རྗེས་འཇུག་ཙམ་པོ་པ།།
བསྟན་པར་བཅངས་པའི་བརྩེ་སེམས་མེ་སྟག་ཙམ།།
སེམས་ཀྱི་གཏིང་ནས་སྐྱེས་པ་བླ་མའི་དྲིན།།
མཁྱེན་ནོ་མཁྱེན་ནོ་བླ་མ་ཁྱེད་རང་མཁྱེན།།
སྐྱིད་སྡུག་གང་ཕྲད་ཁྱེད་ཀྱིས་དྲིན་ཡིན་པས།།
མགོན་མེད་བུ་ལ་བརྩེ་བས་མ་མདོར་བར་།།
སྐྱེ་བ་འདི་ནས་ཁྱེས་ཀྱི་རྗེས་བཟུང་ནས།།
ནམ་ཞིག་ཁྱེད་ཀྱི་དྲུང་དུ་བྱང་ཆུབ་ཤོག།
གུ་ཡངས་སེམས་པ་ལ་བདེ་སྐྱིད་ཀྱི་སྣང་བ་ཚད་མེད་ཅིག་ཤར་བས། རང་ཤག་བདེ་བའི་ཕོ་བྲང་དུ་ ༢༠༢༢/༠༩/༢༩ ཉིན་ཐལ་ལོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།