ཚིག:
ཁྲི་ཏོ་རེ།
གདངས།: སྐལ་བཟང་གཡུ་སྒྲོན།
དབྱངས་ལེན་མཁན།: སྐལ་བཟང་གཡུ་སྒྲོན།
གདངས།: སྐལ་བཟང་གཡུ་སྒྲོན།
དབྱངས་ལེན་མཁན།: སྐལ་བཟང་གཡུ་སྒྲོན།
རང་བྱུང་ཁམས་འདི་ང་ཚོ་ཚང་མའི་བདེ་སྐྱིད་ཁྱིམ་གཞིས་ཡིན།།
བྱ་དང་རི་དྭགས་ཚང་མ་ང་ཚོའི་གྲོགས་པོ་གྲོགས་མོ་ཡིན།།
ཕན་ཚུན་བརྩེ་སེམས་ཕན་ཚུན་བྱམས་བརྩེའི་འོད་མདངས་ཀྱིས་ཁྱབ་པར།།
གུ་རུ་ཁྱེད་ལ་གསོལ་བ་སྙིང་ནས་འདེབས་སོ་བྱིན་གྱིས་རློབས།།
མི་རྣམས་ཕན་ཚུན་འགྲན་རྩོད་ཕྲག་དོག་ཆེ་བས་སེམས་མ་སྐྱིད།།
ང་རྒྱལ་ཆེ་ཞིང་དོགས་པའི་མུན་པ་རུབ་སོང་སྐྱོ་བ་ལ།།
བདེ་ཞིང་ལྷོད་པའི་འཚོ་བའི་གོ་སྐབས་མེད་དུས་དངངས་སྐྲག་ཆེ།།
ཁྱེད་ལ་སྙིང་ནས་རེ་བའི་གསོལ་འདེབས་འབུལ་ལོ་ཐུགས་བརྩེས་གཟིགས།།
ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།
ས་ཡོམ་ཆུ་རླུང་འབྱུང་བཞིའི་འཇིག་པ་ཡོང་དུས་ཐབས་ཤེས་མེད།།
བདེ་འདོད་མི་ལ་སྡུག་གི་ཁུར་པོ་ལྕི་བས་བཟོད་ཐབས་བྲལ།།
ད་ནི་རེ་བའི་བློ་ཁ་གཞན་ལ་མེད་པས་གུ་རུ་མཁྱེན།།
ཁྱེད་ཀྱིས་ཐུགས་རྗེས་མྱུར་དུ་གཟིགས་ཤིག་ཨོ་རྒྱན་རིན་པོ་ཆེ།།
ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།
⊰ གླུ་དབྱངས་གསན་འདོད་ན་གཤམ་འདིར་སྣུན། ⊱
འཛམ་གླིང་ས་ཕྱོགས་གང་སར་ས་འགུལ་ས་རུད་ཆུ་རུད་ནད་ཡམས་སོགས་ཁྱབ་བཞིན་པའི་ཉེར་འཚེའི་གནོད་རྐྱེན་མཐའ་དག་ཡོངས་སུ་ཞི་བའི་སྨོན་ལམ་ཞུ།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།