དོལ་པོ་ལྷོ་རི་བ་ཀརྨ་དབང་རྒྱལ། ཧྥ་རན་སི།
ཕྱི་ལོ་ ༡༩༩༢ ཕྱི་ཟླ་ ༡༡ པའི་ནང་དེ་བ་ལ། གུས་པས་བླ་མ་དགེ་སློང་གནས་བརྟན་འདུལ་བ་འཛིན་པ་འདི་ཐོག་མར་མཇལ་མྱོང་། དུས་དེ་ནས་ད་བར་ཕལ་ཆེར་མི་ལོ་སུམ་ཅུ་ལྷག་ཙམ་སོང་འདུག
མི་ཡི་སེངྒེ་རྐང་གཉིས་ཡོངས་ཀྱི་མགོན།།
ཆོས་བརྒྱད་དྲི་བྲལ་ཤཱཀྱའི་རྒྱལ་ཚབ་ཁྱེད།།
ངེས་དོན་བསྟན་པའི་ཀ་ཆེན་ཚུལ་དུ་བཞུགས།།
འཛམ་གླིང་ཤར་ནུབ་གདུལ་བྱ་རྗེས་འཛིན་མཛད།།
གསོག་འཇོག་བླ་བྲང་ཟེར་བ་ཁྱེད་ལ་མེད།།
སྣུམ་འཁོར་ཕར་ཞོག་ལྕགས་རྟ་ཙམ་ཡང་མེད།།
དངུལ་ཁང་དངུལ་བྱང་ཟེར་བའང་ཁྱེད་ལ་མེད།།
གཉེན་ཉེ་སྐྱོང་བའི་མི་ཆོས་ཁྱེད་ལ་མེད།།
ཟློས་གར་བླ་གཟུགས་ངོམ་པ་མི་མཁྱེན་ཞིང་།།
དྲང་པོའི་ཐུགས་གཤིས་བདེན་པའི་གསུང་དབྱངས་ཅན།།
དྲང་སྲོང་ཞེས་པའི་མཚན་གཞི་ཁྱེད་ལ་འོས།།
མདོ་མེད་བདག་འདྲའང་ཐུགས་རྗེས་རྗེས་འཛིན་གནང་།།
མན་ངག་ཟབ་མོའི་བདུད་རྩི་ཅི་དགར་བསྩལ།།
རྟག་ཏུ་ཐུགས་རྗེ་བྱམས་པའི་འཛུམ་མདངས་ཅན།།
ཁྱེད་ཞལ་མཇལ་བ་སྐལ་ལྡན་ཅི་ལས་མིན།།
གསང་ཆེན་རིག་འཛིན་རྒྱུད་པའི་བ་དན་འཕྱར།།
མདོ་སྔགས་བཀའ་གཏེར་ཆོས་སྒྲ་དབྱར་རྔ་བཞིན།།
བསླབ་གསུམ་པདྨའི་སྡོང་པོར་ལོ་འདབ་རྒྱས།།
རྩ་གསུམ་ཀུན་འདུས་བླ་མ་ཁྱེད་ཉིད་ཙམ།།
ཞེས་མགོན་པོ་གང་གི་རང་བཞིན་ཅུང་ཟད་བརྗོད་པའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།