རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 22 October 2022

ལོ་རིམ་བརྒྱད་པའི་སྔགས་ཀྱི་དཔེ་ཁྲིད་མཐའ་གྲུབ།

ཤེས་རབ་རྒྱལ་མཚན། སྔ་འགྱུར་མཐོ་སློབ་ཆེན་མོ།


ཤར་གླིང་འཇིགས་མེད་གླིང་གི་ཡང་རྩེ་ན།།
ཤར་ནས་ཤར་བའི་ཉི་མའི་ཉི་མདོངས་གསལ།།
ཤར་ལྷོ་ནུབ་བྱང་ཕྱོགས་ཀུན་དྭངས་གསལ་ཤེལ།།
འོག་མིན་ཤེལ་གྱི་ཁང་བཟང་བཀོད་པ་མཛེས།།
                      
ཨ་ཧོ་འོག་མིན་ཤེལ་གྱི་ཁང་བཟང་ནང་།།
འོག་མིན་སྟོན་པ་ལོངས་སྤྱོད་རྫོགས་སྐུ་ཡིས།།
འོག་མིན་ཞིང་དུ་གསུངས་པའི་ཆོས་འཁོར་ཏེ།།
རྒྱུད་རྒྱལ་གསང་བ་སྙིང་པོའི་ཕ་ཆོས་མཇལ།།

དམ་ཞིང་དམ་པས་སུན་སྣང་མི་སྟེར་ཞིང་།།
ལྷོད་ཅིང་ལྷོད་པས་བག་མེད་མ་ཤོར་ལ།།
དམ་ལྷོད་རན་པོས་སློབ་ཚོགས་སྐྱོང་མཁས་པ།།
བཤེས་གཉེན་མཁན་པོ་ཟླ་བ་དཔལ་འབྱོར་མཇལ།།

ཆོས་ཐུན་རེ་རེའི་བར་ན་གཏམ་རྒྱུད་རེ།།
གཏམ་རྒྱུད་རེརེའི་བར་ན་དགོད་སྒྲ་རེ།།
དགོད་སྒྲ་རེ་རེའི་བར་ན་བློ་སྐྱེད་རེ།།
ཉེས་འགོག་ལེཌ་བཤད་འདོམས་མཁས་བཤེས་གཉེན་མཆོག

མཐོང་ཚད་དགག་སྒྲུབ་བྱེད་ལ་རིངས་པ་ཡི།།
“ལུང་མ་བསྟན་གྱི་རྟོག་གེ་འཆལ་པོ་”མིན།།
རིག་འཛིན་གོང་མའི་གཞུང་གི་གནད་གསང་ལ།།
དག་སྣང་དད་པས་མཇལ་བའི་བཤེས་གཉེན་ལགས།།

སྒོམ་རྟགས་ཉོན་མོངས་ཡོད་མེད་མི་ཤེས་མོད།།
ཐོས་རྟགས་ཞི་ཞིང་དུལ་བའི་ཚུགས་ཀ་ནི།།
སྐབས་འགར་སྐབས་འགར་ཙམ་ཞིག་མ་ཡིན་ལ།།
ཡུཡུན་རིང་འཆད་ཉན་བགྱིས་པའི་རིང་ལས་ཤེས།།
                           
ཞི་དུལ་བག་ཕེབས་ཚུགས་ཀ་བཟང་བའི་སྟེང་།།
འདུལ་བའི་བསླབ་ཁྲིམས་མིག་ལྟར་སྲུང་བ་ལ།།
མཁན་ཆེན་དམ་པ་པདྨ་ཤེས་རབ་ཀྱང་།།
ཐུགས་དགོངས་དགྱེས་པའི་གསུང་བཟང་ཐོས་སོ་སྤྲོ།།

སླར་ཡང་འདི་ལྟར་ཡང་ནས་ཡང་དུ་ནི།།
ཁྱེད་དང་ཁྱེད་འདྲའི་བཤེས་གཉེན་དམ་པའི་དྲུང་།།
ང་དང་ང་འདྲའི་སྐལ་ལྡན་སློབ་མའི་ཚོགས།།
འདི་དང་འདི་ལྟའི་ཟབ་ཆོས་མཇལ་བར་སྨོན།།

༡༧/༡༠/༢༠༢༢

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།