རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 18 November 2022

གྲུབ་དབང་བླ་མའི་བྱིན་རླབས་ཐུལ་ལེ་ལོས་ཡིན།

སློབ་དཔོན་བསྟན་འཛིན་ཆོས་འཕེལ། རྣམ་གྲོལ་གླིང་།


དམར་སེར་ངུར་སྨྲིག་ན་བཟའ་སྐུ་ལ་གསོལ་ཞིང་།།
འཛུམ་པའི་ཞལ་ཁྱིམ་གོར་མོ་གཅིག་ཏུ་འདུས་ནས།།
རྒོད་པའི་ཚེམས་ཕྲེང་ཐགས་སུ་བསྟར་བར་ལྟོས་དང་།།
གྲུབ་དབང་བླ་མའི་བྱིན་རླབས་ཐུལ་ལེ་ལོས་ཡིན།།

མེ་ཏོག་ཚོམ་བུར་བཀོད་འདྲའི་མཛེས་ཆོས་རྫོགས་ཤིང་།།
ཐུགས་རྒྱུད་མཉེས་གཤིན་ཕྱུག་པའི་སྐྱེས་བུ་འདི་ཚོར།།
བྱམས་བརྩེའི་སྤྱན་ཟུང་དུས་ལ་ཡོལ་བ་མེད་པས།
གྲུབ་དབང་བླ་མའི་བྱིན་རླབས་ཐུལ་ལེ་ལོས་ཡིན།།

བསླབ་གསུམ་ནོར་གྱིས་བརྒྱན་པའི་དགེ་སྦྱོང་འདི་རྣམས།།
འཆད་རྩོད་རྩོམ་པའི་དོ་རར་དཔང་ངར་རྒོད་ཅིང་།།
བཤད་སྒྲུབ་ལས་ཀྱི་བྱ་བར་འདུ་འཛི་ཆེ་བ།།
གྲུབ་དབང་བྱིན་རླབས་ཐུལ་ལེ་ལོས་ཡིན།།

ལྷོ་ཕྱོགས་ལྗོན་པའི་ཚལ་ན་ཐང་མར་བརྡལ་བའི།།
རྣམ་གླིང་ཆོས་ཀྱི་གྲོང་ཁྱེར་ཞབས་ནས་འགྱོགས་ཤིང་།།
སྙན་པའི་བ་དན་དགུང་ལ་འཕྱར་མཁན་འདི་ཚོ།།
གྲུབ་དབང་བླ་མའི་བྱིན་རླབས་ཐུལ་ལེ་ལོས་ཡིན།།

བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཚན་ཁ།།
ལུས་ངག་ཡིད་ལ་སིམས་པར་མྱོང་མཁན་འདི་ཚོ།།
གྲུབ་དབང་བླ་མའི་སྐུ་གསུང་ཐུགས་ཀྱི་བྱེད་པོར།།
ལྷང་ངེར་མཛེས་པར་གྱུར་པས་བསྟོད་པར་འོས་སོ།།

     ད་ལོའི་ལོ་འཁོར་མོ་གཅིག་གི་དཔེ་ཁྲིད་མཐའ་གྲུབ་ཅིང་། མ་འོངས་པའི་ཆར་འཛིན་སྐྱོང་བྱེད་ཕྱོགས་ཐད་ཀྱི་ཚོགས་ཆེན་ཡང་འཚོགས་ཚར་བའི་རྗེས་སུ། རང་ཤག་གི་མལ་སྟན་གྲུ་བཞིའི་སྟེང་ནས་རྩིས་འཕྲུལ་དུ་བཏགས། 

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།