རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 23 November 2022

སེམས་ཁམས་རིག་པའི་ཁྱུ་མཆོག

ཁྱུང་ཡོན། བོད།
ཡོང་ཁུངས།: ཁྱུང་ཡོན་འཕྲིན་སྟེགས།


ཆགས་ཞེན་རྡུལ་གྱིས་མ་གོས་པ།།
འོད་གསལ་རིག་པའི་སྒོ་མོར་ཞུགས།།
ཐོབ་ཤོར་དོགས་པས་མ་ཟོས་པ།།
བདེ་བ་ཆེན་པོའི་ངང་ལ་བཞུགས།།

འགྲོ་མིའི་གཤིས་ལ་ཞིབ་མོར་དཔྱད།།
བདེ་དང་སྡུག་གི་གསང་བ་གཏོར།།
འཇིག་རྟེན་འཁོར་བར་ཐེངས་ཤིག་བསྐོར།།
ཞི་བ་ཆེན་པོའི་གློང་དུ་ཕེབས།།

ཆོས་ཀུན་སེམས་ཀྱི་དབྱིངས་སུ་ཐིམ།།
ལྟོས་ནས་གྲུབ་པའི་རྟེན་འབྲེལ་གསུངས།།
དུས་གསུམ་ལག་པའི་མཐིལ་ཏུ་ཤར།།
རྒྱུ་དང་འབྲས་བུའི་རྣམ་བཞག་བསྟན།།

ཕྱི་རོལ་ཡུལ་གྱི་དངོས་རྣམས་ཀུན།།
ཕུང་ཁམས་སྐྱེ་འཆེད་ཡིས་ནི་བསྡུས།།
དེ་ཡང་བདག་ཏུ་མེད་པས་ཕྱིར།།
དངོས་ཀུན་མི་རྟག་ཡིན་པ་བསྟན།།

དུས་དང་མཐུན་པའི་བསླབ་བྱའང་།།
དུས་དང་འགྲོག་ནས་འགྲེལ་བ་ལས།།
གནའ་བོའི་མི་ཚོའི་འཆར་ཡན་ཙམ།།
བསྐྱར་ཏུ་འགྲེལ་བའི་དགོས་པ་དབེན།།

སེམས་ཀྱིས་བསྐྲུན་པའི་འཇིག་རྟེན་ཡང་།།
སྟོན་པ་ལས་གཞན་ཚན་རིག་པས།།
ཡོད་པར་འདོད་པ་བདེན་མོད་ཀྱང་།།
སྤྱོད་པའི་ཡུལ་ནི་ཁ་ཁའོ།།

འཚོ་བའི་ཁུག་སོ་རེ་རེ་ན།།
སྡུག་གིས་མནར་བའི་སྐྱེ་བོ་རེ།།
བསྡུས་ན་སེམས་དང་སེམས་ཙམ་ལས།།
གཞན་པའི་སྡུག་བསྔལ་ཡོད་མ་ཡིན།།

མདོར་ན་བདེ་བ་སྡུག་བསྔལ་ཡང་།།
སོ་སོའི་བསམ་བློའི་འཁྱེར་ཕྱོགས་ཙམ།།
ཞིབ་ཏུ་དཔྱོད་པའི་དུས་མེད་ཀྱང་།།
གོམས་ཤིང་འདྲིས་ན་དེས་ཆོག་གོ།

དེང་གི་སེམས་ཁམས་རིག་པ་བས།།
དངོས་ཡོད་འཚོ་བར་ཁ་གཏད་ནས།།
ཞིབ་འཇུག་དུ་མ་བྱས་ཡོད་ཀྱང་།།
ང་ཚོར་སྦྱང་བའི་བློ་མེད་དོ།།

     ཞེས་སེམས་ཁམས་རིག་པ་བའི་ཁྱུ་མཆོག་རྒྱལ་སྲས་ཤཀྱའི་སྲས་དང་འབྲེལ་བའི་ཤོ་ལོ་ཀ་འདི། གུས་ཁྱུང་ཡོན་ནས་ཤར་མར་བྲིས་པའོ།།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།