དཔལ་སྔ་འགྱུར་བའི་གདན་ས་ཆེན་མོ། ཐེག་མཆོག་རྣམ་གྲོལ་གླིང་བཤད་སྒྲུབ་དར་རྒྱས་གླིང་གི་ཡན་ལག སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་མཁན་ཐོག་དང་པོ་ལྔའི་གྲས། བལ་ཡུལ་ཧི་མཱ་ལ་ཡའི་མི་རིགས་ཀྱི་མཁན་ཐོག་དང་པོ། བཀའ་དྲིན་མཚུངས་མེད་བཀུར་འོས་ནུབ་རི་མཁན་ཆེན་བཀྲ་ཤིས་ཚེ་རིང་མཆོག་ཞི་བར་གཤེགས་པའི་རྗེས་དྲན་གྱི་རྟེན་དུ་ཆོས་དབྱིངས་ནུབ་རི་ནས།
![]() |
| སྔ་འགྱུར་མཐོ་སློབ་ཆེན་མོའི་སློབ་གཉེར་བ། ཆོས་དབྱིངས་ནུབ་རི། |
࿐ གང་ཟག་སུ་འདྲ་ཞིག་ཡིན་རུང་། རང་ཉིད་ཀྱི་མི་ཚེའི་འགྲུལ་བཞུད་བཟང་ས་ཞིག་ཏུ་བསྐྱོད་དགོས་པར་གདོན་མི་ཟ་ཞིང་། དེའི་ཆེད་རང་ཉིད་ཀྱི་འདུན་ལམ་ལྟར། རང་གི་དགའ་ཕྱོགས་ཀྱི་སྒྱུ་རྩལ་རེ་རེ་གཉིས་རེ་སོགས་ཀྱི་སྣེ་མོར་འཇུས་ཏེ། ཐབས་ལམ་སྣ་ཚོགས་དང་འབད་བརྩོན་བརྒྱ་ཕྲག་བརྒྱུད་དགོས་པ་ལོས་དང་ལོས། མ་ཚད་མི་སྣ་སུ་འདྲ་ཞིག་ཀྱང་ཡར་འཐོན་ཡོང་བར། ང་ཚོས་མི་སྣ་དེའི་དགའ་ཕྱོགས་ལ་བསྔགས་བརྗོད་དང་ཡི་རང་སོགས་ཀྱིས་རོགས་སྐྱོར་གནང་རྒྱུ་གལ་ཆེ་བས་ན། འདི་ག་ངེད་དྲྭ་བས་ཀྱང་རིས་སུ་མ་ཆད་པར་དེ་མཚུངས་རྒྱབ་སྐྱོར་མཚོན་བྱེད་དུ་དྲྭ་བ་འདི་གཉེར་དང་གཉེར་མུས་ཡིན། དེས་ན་ད་ལམ་ཁོང་ལ་བསྔགས་བརྗོད་གྲངས་མེད་ཞུ་བ་དང་སྦྲགས། སླད་མར་ཡང་མུ་མཐུད་རྒྱུན་སྐྱོང་གིས་རི་མོ་བ་རྩེར་སོན་ཞིག་ཆགས་པའི་སྨོན་འདུན་ཞུ།




No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།