རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 9 July 2021

ཀུན་དགའ་རང་རིག་གིས་༸རྒྱལ་བའི་འཁུངས་སྐར་ཉིན་མོར་ཆེད་དུ་བྲིས་པའི་རི་མོའི་བརྩམས་ཆོས།


ཀུན་དགའ་རང་རིག སྔ་འགྱུར་མཐོ་སློབ་ཆེན་མོའི་སློབ་གཉེར་བ།

࿐ གང་ཟག་སུ་འདྲ་ཞིག་ཡིན་རུང་། རང་ཉིད་ཀྱི་མི་ཚེའི་འགྲུལ་བཞུད་བཟང་ས་ཞིག་ཏུ་བསྐྱོད་དགོས་པར་གདོན་མི་ཟ་ཞིང་། དེའི་ཆེད་རང་ཉིད་ཀྱི་འདུན་ལམ་ལྟར། རང་གི་དགའ་ཕྱོགས་ཀྱི་སྒྱུ་རྩལ་རེ་རེ་གཉིས་རེ་སོགས་ཀྱི་སྣེ་མོར་འཇུས་ཏེ། ཐབས་ལམ་སྣ་ཚོགས་དང་འབད་བརྩོན་བརྒྱ་ཕྲག་བརྒྱུད་དགོས་པ་ལོས་དང་ལོས། མ་ཚད་མི་སྣ་སུ་འདྲ་ཞིག་ཀྱང་ཡར་འཐོན་ཡོང་བར། ང་ཚོས་མི་སྣ་དེའི་དགའ་ཕྱོགས་ལ་བསྔགས་བརྗོད་དང་ཡི་རང་སོགས་ཀྱིས་རོགས་སྐྱོར་གནང་རྒྱུ་གལ་ཆེ་བས་ན། འདི་ག་ངེད་དྲྭ་བས་ཀྱང་རིས་སུ་མ་ཆད་པར་དེ་མཚུངས་རྒྱབ་སྐྱོར་མཚོན་བྱེད་དུ་དྲྭ་བ་འདི་གཉེར་དང་གཉེར་མུས་ཡིན། དེས་ན་ད་ལམ་ཁོང་ལ་བསྔགས་བརྗོད་གྲངས་མེད་ཞུ་བ་དང་སྦྲགས། སླད་མར་ཡང་མུ་མཐུད་རྒྱུན་སྐྱོང་གིས་རི་མོ་བ་རྩེར་སོན་ཞིག་ཆགས་པའི་སྨོན་འདུན་ཞུ།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།