རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 20 April 2020

རང་རྒྱལ་གྱི་ངོས་སྦྱོར་ལག་འཁྱེར་དུ་མིང་མཐར་དོལ་པོ་ཞེས་ཅི་ཕྱིར་མ་སྤྱད་པ་ཡིན་ནམ།


རྩོམ་པ་པོ། པདྨ་རང་གྲོལ།

ང་ཚོའི་སྤྱི་ཚོགས་སུ་ཡང་ཡང་གླེང་བའི་གཏམ་ཞིག་ལ་ངའི་དགོད་བྲོའི་ཆོབ་སྨོས་ན། དེ་ནི་རང་རྒྱལ་གྱི་ངོས་སྦྱོར་ནང་དུ་མིང་མཐར་དོལ་པོ་ཟེར་རྒྱུ་མེད་པར་ཅི་ཕྱིར་བླ་མ་དང་འགུ་རུང་ཟེར་རྒྱུ་བྲིས་པ་ཡིན་ནམ་བྱུང་པ་ཡིན་ཟེར་ནས་སྐད་འཕྲིན་ཚོགས་པའི་ནང་དང་། དུས་རྒྱུན་མི་རྣམས་སྐར་སྐར་དང་སྐོར་སྐོར་བྱས་ནས་གཏམ་གླེང་ནན་པོ་བྱེད་པ་མཐོང་། དེ་ལ་ངས་ཆོབ་གཅིག་སྨྲས་ན།

སྔོན་རྒྱལ་པོ་འབི་རན་དྷ་རས་སྤྱང་དྲུང་ལྡན་པའི་གཞུང་ཞབས་གཉིས་འདེམས་བསྐོད་མཛད་ནས་མཐའ་འཚམས་ས་ཁུལ་དུ་ཡོད་པའི་མི་རྣམས་ལ་ངོས་སྦྱོར་བཟོ་རུ་འགྲོ་དགོས་པར་བཀའ་གནང་། ཁོང་གཉིས་ལ་རང་གི་ཡབ་རྒྱལ་པོར་དབྱིན་འཇི་རྒྱལ་པོས་ཕྱག་རྟགས་སུ་ཕུལ་བའི་པར་ཆས་སྤུས་ལེགས་པར་ད་ལྟ་རྒྱབ་ནས་སྐར་ཆ་ཁ་ཤས་རྗེས་ལ་ལྟ་རྒྱུ་ཡོད་པ་གཅིག་ཡོད་པ་དེ་དང་། ངོས་སྦྱོར་འབྲི་ས་དེང་དུས་ཀྱི་ཞལ་འདེབས་དཔྱད་སྡེབ་འདྲ་བ་ཁག་གཅིག་བསྐུར། དེ་ནས་ཁོང་གཉིས་རི་ལུང་བགྲོད་ནས་དོལ་པོར་བསླེབས།  སྐབས་དེ་དུས་དོལ་པོར་བལ་སྐད་ཤེས་མཁན་དཀོན་པོ་ཡིནའགའ་རེ་ཤེས་ཀྱང་སྐད་ཆག་གྲུམ་ཤོར་བ་དང་སྒྲ་མ་དག་པ་མགོ་ཇུག་ནོར་བ་མ་གཏོགས་མི་ཤེས། དེ་དག་གི་རྒྱུད་ནས་རང་གི་མིང་འདི་ཡིན་ཟེར་ཤེས་པ་ཙམ་བྱུང་།

དེ་ནས་རུས་མིང་ཅི་ཡིན་འདྲི་དུས་དོལ་མི་རྣམས་ཅང་མི་ཟེར་བར་གཅིག་གི་གཅིག་ལ་ལྟ་རེས་འདྲ་བྱས་ནས་ཁོང་གཉིས་ཀྱི་མཐའ་འཁོར་དུ་རུག་རུག་བྱས་ནས་ལྷག དེ་ནས་ཁོང་གཉིས་ཀྱིས་དོལ་པོའི་གདོང་རིས་དང་སྤགས་མདོག་ལ་ཞིབ་དཔྱད་བྱས་ནས་རྟ་དམག་གམ་རྟ་མང་གི་མི་རིགས་འདྲ་བུ་མཐོང་ནས་རྟ་མང་གི་རུས་རིགས་ཆེན་པོ་ཅོ་བརྒྱད་དང་ཆུང་བ་སྟོང་ཕྲག་ཡོད་པ་དཔེར་ན་མོག་ཏང་། ཡོན་ཇང་། ཤེན་ཏང་། ལྡོང་། བོམ་ཇང་། ཐིང་། གོ་ལེ་སོགས་པ་རིམ་པ་བཞིན་བརྗོད་ནའང་དོལ་མིས་ཧ་མི་གོ་བ་མ་ཟད་ནང་ཁུལ་དུ་རྒྱུན་ལྡན་འཚོ་བའི་གཏམ་གླེང་འདྲ་བྱེད་པ་སྣང་། ཁོང་གཉིས་ནི་བར་སྐབས་གཅིག་ནི་ར་ལུག་ཁྱུ་ཆེན་གཅིག་གི་དཀྱིལ་ན་ཁྱེད་རྣམས་རྩ་ཇི་ཙམ་ཟས་སམ་ཆུ་ཇི་ཙམ་བཏུངས་ཟེར་བ་འདྲ་བུ་བྱུང་། མཐར་བླ་མ་ཞེས་འི་ཚིག་དེ་བརྗོད་སྐབས་ཅུང་ཧ་གོ་བའི་རྣམ་པས་དོལ་མིའི་གདོང་ལ་ལོ་ཆུང་བུ་མོས་རང་གི་དགའ་བའི་བུ་ལ་ཐོག་མའི་འཛུམས་མདངས་སྟོན་པ་འདྲ་བུ་བྱེད། གང་ཡིན་ཟེར་ན་བླ་མ་ནི་དོལ་པོའི་སྐད་དུ་ཡོད་པ་མ་ཟད་རྟ་མང་གི་རུས་རིགས་ཆེན་པོ་ཅོ་བརྒྱད་ཀྱི་ནང་སེས་གཅིག་ལའང་ཟེར། ཁོང་གཉིས་ད་ནི་ཐབས་ཤེས་ཡོད་དགུ་རྩདཀྲུགས་བྱས་མཐར་འདི་ལ་བབས་སོང་སྙམ་ནས། དོལ་མི་རྣམས་ཀྱི་རྒྱལ་གཞུང་གི་ངོས་སྦྱོར་མིང་མཐར་རུས་མིང་ལ་བླ་མ་རྐྱང་རྐྱང་བྲིས།

ཡངཁོང་གཉིས་ལ་སེམས་ཕྲལ་དང་དོགས་པ་གཅིག་བྱུང་བ་ནི། ཨ་ཙི་ལུང་ཁུག་འདིར་ཡོད་པའི་མི་ཡོངས་རྫོགས་ཀྱི་རུས་མིང་བླ་མ་ཡིན་པ་སྲིད་ཀྱི་མ་རེད་ལགལ་ཏེ་དེ་ལྟར་བྱས་ན། རང་གི་ལས་ལ་ཞིབ་ཚགས་མེད་པ་དང་སྤུས་ཚད་ཞེན་པའི་དབང་གི་རྒྱལ་པོ་ཆེན་པོ་དགོངས་ཚོམས་དང་ཐུགས་ཕམ་ཡོང་པར་དོགས་ནས། སླར་ཡང་དོལ་མི་རྣམས་ཀྱི་གདོང་དབྱིབས་དང་སྤགས་མདོག་ལུས་ཀྱི་གཡོ་སྟངས་ལ་དཔྱད་ནས་ཁག་གཅིག སྤགས་པ་ཐུག་ཤས་ཆེ་ལ་ནག་མདངས་ཅུང་ཡོད་པ་གཟུགས་སྟོབས་ཅུང་ཆེ་བ་ལ་འགྲོ་དུས་ཡར་ཡོར་བྱེད་པའི་ཁྱད་པར་མཐོང་། ཁོང་གཉིས་ཀྱི་བློ་ལ་རི་བོ་ཧི་མ་ལ་ཡའི་རྩ་གཤམ་དུ་ཤིང་ནགས་ཀྱི་དཔལ་དང་ལྡན་པའི་རི་ལྡེབས་དང་རི་སེང་དུ་འཚོ་སྡོད་བྱེད་པའི་འགུ་རུང་མི་རིགས་འདྲ་བུ་མཐོང་ནས་དོལ་མི་ཁག་གཅིག་གི་རུས་མིང་ལ་འགུ་རུང་ཞེས་བཏགས། དེ་ལྟར་བྱས་ནས་དོལ་མི་ཡོངས་ཀྱི་རུས་མིང་བླ་མ་དང་འགུ་རུང་ཅེས་བའི་མཚན་གྱི་ཅོད་ཕན་ཐོགས།

དེ་ནས་ལོ་བཅུ་ཕྲག་གི་རྗེས་སུ་དོལ་མི་ལ་ལས་མིང་མཐར་རུས་མིང་འབྲི་དགོས་བའི་སྐོར་ཟུར་ཙམ་ཤེས་ནས་རང་གི་མིང་མཐར་འགུ་རུང་གི་རུས་མིང་བྱེ་བྲག་པ་འདྲ་བྲིས་དཔེར་ནའབུ་ར འགཱ་ལསཞེས་པ་ལྟ་བུ། དོན་ལ་གཅིག་ནོར་གང་ལ་གཉིས་ནོར་ཆགས། འོན་ཀྱང་ཁོང་གཉིས་ནི་བྷར་མན་དང་ཆེ་ཏིར་གྱི་རིགས་རྒྱུད་གཙང་མ་ཡིན་ཡང་། ང་ཚོའི་རུས་མིང་ལ་ཁོ་ཚོའི་རུས་མིང་བྱེ་བྲག་འདྲ་མ་བྲིས་ནས་ཐུགས་བརྗེ་ཆེ་བཞུ་མི་དགོས་སམ་སྙམ་པ་འདུག མ་ཤེས་པ་མིན་འགྲོ་མ་ཟད་ལིམ་བུ་དང་། མ་གར། ར་ཨི་ལ་སོགས་པའི་བལ་པོའི་མི་རིགས་དང་དག་གི་རུས་མིང་དང་མ་འདྲེས་པ་བྱས་འདུག མ་ཏོགས་ང་ཚོ་དང་ནོར་སོ་ཡོད་པ་སྣ་ལེབ། མིག་ཀྲིང་། རྐུབ་རྡོག་གྲས་དེ་ཡིན། ཡིན་ཡང་གཞུང་ཞབས་པ་དེ་གཉིས་ཀྱི་ལས་ལ་དག་ཐེར་གང་ཐུབ་བྱས་འདུག་པ་དེའི་ཕྱིར་བདག་ནི་འདི་ལྟར་སྨ

གཡོ་སྒྱུ་རྒྱབ་སྐྱུར་དྲང་སྲོང་བདེན་པའི་བུ། དཀའ་སྤྱད་དྲག་ལྡན་རི་ལུང་རབ་བརྒལ་ནས།
ངལ་བ་བརྒྱ་ཕྲག་ལུས་གཟུངས་མཐར་ཐུག་བར། འབངས་དང་རྒྱལ་པོའིབཀའ་ལ་ལེགས་ཕུལ་པ།
ཚུལ་ལྡན་སྐྱེ་བུའི་རྐང་རྡུལ་ཕྲ་མོར་བཀུར།།

སྔ་འགྱུར་མཐོ་སློབ་ཆེན་མོའི་འཕྲིན་ཕྲན་དྲྭ་ཚོམས་སུ་རྩོམ་པ་པོས་ཡི་གེ་འདི་བསྐུར་བ་ལས་བཤུས་ཏེ་སྤེལ། 
རྩོམ་ཡིག་གི་མིང་འདི་ཕྲན་ཚེ་ནོར་དོལ་གྱིས་བཏགས་པ་ཡིན།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།