![]() |
ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ།
འབུམ་རམས་པའི་མཛུབ་སྟོན་པ། ཐུབ་བསྟན་ཕུན་ཚོགས།
|
བཀྲ་ཤིས་བདེ་ལེགས།
དེ་རིང་ངས་སི་ཁྲོན་བོད་སྐད་རླུང་འཕྲིན་གྱི་འཕྲིན་ཕྲན་སྤྱི་སྟེགས་འདི་བརྒྱུད་ནས་འཛམ་གླིང་དཔེ་ཀློག་གི་ཉིན་མོ་འདི་ལ་བོད་རིགས་གཞོན་ནུ་རྣམས་ལ་དཔེ་ཆ་ཡག་པོ་ཀློགས་རོགས་གྱིས་ཟེར་ནས་འབོད་སྐུལ་ཞིག་ཞུ་བཞིན་ཡོད།
གཞོན་ནུ་ཚོ་ལ་འབོད་སྐུལ་ཞུ་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་ན།
མ་འོངས་པའི་བོད་ཀྱི་སྲིད་འབྱོར་རིག་གསུམ་གྱི་དམིགས་ཡུལ།
སྲིད་འབྱོར་རིག་གསུམ་གྱི་བདག་པོ་འདྲ་བོ་དེ་ཁྱོད་རང་ཚོ་ཆགས་བསྡད་ཡོད་རེད། བྱས་ཙང་།
ཁྱོད་རང་ཚོས་དཔེ་ཆ་མང་ཙམ་ཀློགས། ཀླད་པ་དེ་སྒོ་ཡག་པོ་ཞིག་ཕྱེས། ལྟ་རྒྱ་དང་མཐོང་རྒྱ་ཆེན་པོ་ཆགས་ཡོང་ན།
མི་རིགས་ཡར་རྒྱས་གཏོང་ཡས། ལུང་པ་ཡར་རྒྱས་གཏོང་ཡས།
མི་དམངས་ཀྱི་འཚོ་བ་ཡར་རྒྱས་གཏོང་ཡས། ཚང་མ་ལ་ཕན་ཐོགས་ཡག་པོ་ཞིག་ཡོད་རེད། འཛམ་གླིང་གི་ལུང་པ་ཡར་རྒྱས་འགྲོ་ཡས་དེ། ཚང་མ་དཔེ་ཆ་མང་པོ་བལྟས།
འཛམ་གླིང་གི་གནས་ལུགས་གནས་ཚུལ་མང་པོ་ཞིག་ཕར་ཚུར་ཧ་གོ་བ་བྱས་ནས་མི་སྤྱང་པ་གྲུང་པོ་མང་པོ་ཞིག་ཡོང་ནས་ཡར་རྒྱས་ཕྱིན་བསྡད་པ་རེད།
ང་རང་ཚོ་དེའི་མཉམ་པོ་ལ་ཡར་རྒྱས་འགྲོ་དགོས་ཀྱིན་ཡོད་རེད།
ང་ཚོ་ད་བར་དུ་ཞེ་དྲག་འགྲོ་ཐུབ་ཡོད་མ་རེད། སྔོན་མ་ཡིན་ན་དཔེ་ཆ་རྐྱང་རྐྱང་རེད།
དེང་སང་དཔེ་ཆ་དེ་ཤོག་བུ་གཅིག་པོའི་དཔེ་ཆ་མ་རེད། བརྙན་འཕྲིན་གྱི་དཔེ་ཆ་ལྟ་ཆོག་གིན་ཡོད་རེད།
ཁ་པར་གྱི་དཔེ་ཆ་ལྟ་ཆོག་གིན་ཡོད་རེད། དཔྱད་རྩོམ་དག་དག་གི་ནང་དུ་ལྟ་ནས།
དཔེ་ཆ་ལྟ་ཟེར་ཡས་དེ་ཡང་དམིགས་ཡུལ་དང་བཅས་པའི་ལྟ་དགོས་རེད།
དཔེ་ཆ་ལྟ་དུས་ངས་དཔལ་འབྱོར་གྱི་ཐད་ལ། འཛུགས་བསྐྲུན་གྱི་ཐད་ལ།
ཡང་ན་སོ་སོའི་བློ་གྲོས་ཀྱི་སྒོ་མོ་འབྱེད་པའི་ཆེད་དུ་དཔེ་ཆ་གང་དང་གང་དེ་ལྟ།
འཛམ་བུ་གླིང་གི་གནས་ཚུལ་ག་འདྲ་ཡོང་གི་འདུག་དེའི་སྐོར་ལ་དཔེ་ཆ་བལྟ་དགོས་དྲན་ནས་དཔེ་ཆ་གཅིག་དམིགས་ཡུལ་ཡོད་པའི་སྒོ་ནས་བལྟ་དགོས་རེད་མ་གཏོགས།
ང་ཚོ་བོད་ཀྱི་ཨ་མཆོད་འདོན་སྟངས་བྱས་ནས་དཔེ་ཆ་ཁ་ནས་མར་ཐག་ཐག་ཟེར་ནས་ཀློག་བསྡད་ན་ཕན་ཐོགས་ཡོད་མ་རེད།
དཔེ་ཆ་མང་པོ་ཀློག་ན་བློ་གྲོས་ཀྱི་སྒོ་མོ་འབྱེད་པའི་ཕན་ཐོགས་ཡོད་རེད།
གཉིས་པ་དེ་ག་འདྲ་ཡོད་རེད་ཟེར་ན།
བློ་སྒོ་ཕྱེ་ཡོང་ན་དཔེ་ཆ་མང་པོར་བལྟས་ཚར་དུས་ང་རང་ཚོ་རང་གི་ཀླད་པ་དེར་རང་གིས་བདག་པོ་རྒྱག་ཐུབ་ཀྱིན་ཡོད་རེད་མ་གཏོགས།
ང་ཚོ་ད་ལྟ་བོད་པ་མང་པོ་ཞིག་གིས་ཀླད་པ་དེ་རང་གིས་བེད་སྤྱོད་གཏོང་མི་ཐུབ་པ་བྱེད།
མིའི་བྲན་གཡོག་གི་ཀླད་པ་ཆགས་འགྲོ་གིན་འདུག་བ།
ལྷག་པར་ཅན་དུ་ང་ཚོ་ཡོན་ཏན་མེད་ཚར་དུས་ཆོས་ལུགས་པ་དང་ཆབ་སྲིད་པ་དེ་ཚོས་ག་རེ་ཟེར་ཟེར་རེད་མ་གཏོགས། རང་གིས་བསམ་བློ་གཏོང་ཤེས་ཀྱིན་ཡོད་མ་རེད།
རང་རྐྱ་ཐུབ་པའི་ཀླད་པ་བེད་སྤྱོད་གཏོང་དགོས་ན། ཚན་རིག་པ་ཆགས་ཡོང་གིན་ཡོད་རེད།
བྱས་ཙང་།
རང་རྐྱ་ཐུབ་པའི་ཀླད་པ་དེ་བེད་སྤྱོད་གཏོང་དགོས་ན་ཡིད་ཆེས་བཟོ་ས་དེ་བདེན་དོན་ལ་ཡིད་ཆེས་བྱེད་ཀྱིན་ཡོད་རེད།
ང་ཚོས་དངོས་པོའི་གནས་ལུགས་ལ་ཡིད་ཆེས་བྱེད་ཀྱིན་ཡོད་རེད་མ་གཏོགས།
མི་སུ་གཅིག་ལ་ཡིད་ཆེས་བྱེད་དགོས་ཀྱིན་ཡོད་མ་རེད།
བློ་ལོག་པ་སྟོན་ཡོང་ན་ང་ཚོས་དེ་ལ་ཡང་ཐུགས་རྗེ་ཆེ་ཟེར་ནས་བསྡད་དགོས་ཀྱི་ཡོད་མ་རེད།
འཛམ་བུ་གླིང་གི་གནས་ལུགས་དེ་འཛམ་བུ་གླིང་ག་འདྲ་ཞིག་ཡར་རྒྱས་འགྲོ་བཞིན་འདུག
མི་གཞན་དག་དེ་ཚོས་ལུང་པ་ག་འདྲ་ཞིག་ཡར་རྒྱས་གཏོང་གིན་འདུག དཔལ་འབྱོར་ག་འདྲ་ཡར་རྒྱས་གཏོང་གིན་འདུག སློབ་གསོ་ག་འདྲ་ཡར་རྒྱས་གཏོང་གིན་འདུག
ང་ཚོ་ཡང་དེའི་རྗེས་འཇུག་བྱེད་དགོས་ཡ་དཔེ་གལ་ཆེན་པོ་རེད།
དོན་དག་གསུམ་པ་དེ་ལ་དམིགས་བསལ་དུ་ཞུ་དགོས་པ་ཞིག
དེང་སང་ང་ཚོ་ལོ་གཞོན་ནུ་ཚོས་ལྷག་པར་དུ་གསར་འགྱུར་ལས་ཀ་བྱེད་མཁན་འདྲ་བོ།
དཔེ་སྐྲུན་གྱི་ལས་ཀ་བྱེད་མཁན་འདྲ་བོ། ཡིག་བསྒྱུར་ལས་ཀ་བྱེད་མཁན་འདྲ་བོ་དེ་ཚོས་ཡིག་ནོར་ཇེ་མང་ཇེ་མང་དུ་འགྲོ་བསྡད་བཞིན་འདུག འདིར་གཟབ་གཟབ་ཅིག་གནང་རོགས་གྱིས།
འདིའི་སྟེང་དུ་སུམ་རྟགས་དག་གསུམ་མང་པོ་ཀློགས་རོགས་གྱིས།
དེའི་སྟེང་དུ་བོད་ཡིག་གཅིག་པོ་མ་ཡིན་པར་རྒྱ་ཡིག་གི་སུམ་རྟགས་དག་གསུམ་དང་དབྱིན་ཡིག་གི་སུམ་རྟགས་དག་གསུམ། དེ་ཚོ་ཚང་མ་འཛམ་གླིང་གཅིག་འགྱུར་རེད།
ང་ཚོ་འཛམ་གླིང་གི་བརྡ་སྤྲོད་རིག་པའི་སྒྲོམ་གཞི་དེའི་ནང་དུ་བོད་སྐད་ཀྱི་བརྡ་སྤྲོད་རིག་པ་ཡར་རྒྱས་འགྲོ་ན། དེ་ནས་བོད་སྐད་འཛམ་བུ་གླིང་གི་བརྡ་སྤྲོད་དང་གོམ་པ་གཅིག་འགྲོས་ཀྱིས་ཡར་རྒྱས་སླེབ་ཡོང་གིན་ཡོད་རེད།
དེའི་སྟེང་དུ་སྙན་ངག་གི་དཔེ་ཆ་མང་པོ་བལྟས་ན།
སྙན་ངག་གི་དཔེ་ཆ་མང་པོ་ལྟ་ཡས་དེས་རྩོམ་ཡིག་འབྲི་སྟངས། རྩོམ་གྱི་བྲོ་བ།
རྩོམ་གྱི་རང་བཞིན་དེ་ཚོ་ཡག་པོ་ཞིག་ཡོང་གིན་ཡོད་རེད།
དཔེར་ན་དགེ་འདུན་ཆོས་འཕེལ་གྱི་རྩོམ་འདྲ་བོ་མ་གཏོགས། དེང་སང་ང་ཚོ་རྩོམ་པ་པོས་བྲིས་ཡོང་པའི་རྩོམ་གྱི་ནང་དུ་བོད་ཡིག་ཡིན་པ་ལ་ནང་དོན་མ་གོ་བ་ཆགས་ཡོང་གིན་འདུག དེ་དཔེ་ཆ་མང་པོ་མ་བལྟས་པའི་སྐྱོན་རེད། དེ་ནས་ཚད་མའི་རིགས་ལམ་འདི་དཔེ་གལ་ཆེན་པོ་རེད།
ལྷག་པར་ཅན་དུ་ང་ཚོའི་ལས་ཁུངས་ནང་དུ་ལས་ཀ་བྱེད་མཁན་ལས་བྱེད་པའི་མི་ཞིག་ཡིན་ན་སུམ་རྟགས་དག་གསུམ།
སྙན་ངག
ཚད་མ་དེ་མ་ཤེས་ཐབས་མེད་འདྲ་བོ་ཆགས་བསྡད་ཡོད་རེད།
ཚད་མའི་རིགས་ལམ་ལ་བསྟེན་ནས་སྐད་ཆ་གང་བཤད་ན་ཁུངས་ཡོད་པ། ལུང་ཡོད་པ། རྒྱུ་མཚན་ཡོད་པ།
སྔ་ཕྱི་འགལ་བ་མེད་པ་དེ་འདྲ་ཞིག་ཡོང་བསྡད་བཞིན་ཡོད་རེད། བྱས་ཙང་།
རྒྱུ་མཚན་རྣམ་པ་གསུམ་གྱི་སྒོ་ནས་བོད་རིགས་གཞོན་ནུ་རྣམས་ཀྱིས་དཔེ་ཀློག་གི་དུས་ཆེན་འདི་ལ་དཔེ་ཆ་མང་པོ་ཞིག་ཀློགས། དཔེ་ཀློག་གི་དུས་ཆེན་འདི་བརྒྱུད་ནས་མ་འོངས་པ་དཔེ་ཆ་མང་པོ་ཞིག་ཀློག་ན་རང་གི་བློ་སྒོ་ཕྱེ།
རང་གི་ཀླད་པ་རང་གིས་བེད་སྤྱོད་གཏོང་ཐུབ་ཡས་ཞིག་ཡོང་པའི་རེ་བ་ཡོད། བཀྲ་ཤིས་བདེ་ལེགས།
ཡོང་ཁུངས། སི་ཁྲོན་བོད་སྐད་རླུང་འཕྲིན།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།