ད་ལམ་ཀོ་རོ་ན་ནད་ཡམས་འདིའི་རྐྱེན་གྱིས་བལ་ཡུལ་ཚུད་པའི་འཛམ་གླིང་ཁྱོན་ཡོངས་འུ་ཐུག་ཐབས་ཟད་གནས་ལ་གྱར་དུས།
ལོ་འདིར་སྟོན་པའི་དུས་ཆེན་དེ་སྲུང་བརྩི་བྱ་རྒྱུ་མ་ཡིན་པ་ཆགས་འདུག བལ་ཡུལ་ནང་པའི་ཚོགས་ཆེན་ནས་སྟོན་པའི་དུས་ཆེན་སྲུང་བརྩི་མུ་མཐུད་རྒྱུན་སྐྱོང་གནང་བའི་བརྒྱུད།
འདི་ལོར་སྟོན་པའི་དུས་ཆེན་ ༢༥༦༤ པ་དེ་རྒྱས་སྟོན་ཆེན་པོའི་ཚུལ་དུ་བཀོད་སྒྲིག་བྱ་རྒྱུ་མིན་པའི་སྐོར་ཐག་གཅོད་བྱས་པ་རེད།
ཀོ་རོ་ན་ནད་དུག་གི་ནད་ཡམས་ཚབས་ཆེན་འདིའི་གནས་སྟངས་ལས་གྲོལ་ཆེད་རྒྱལ་ཡོངས་ཀྱི་ས་ཕྱོགས་ཕལ་ཆེ་བར་ཐེམ་སྤང་བཀའ་རྒྱ་བྱས་ཡོད་པ་དང་།
དེ་བཞིན་བལ་ཡུལ་གཞུང་གི་ཁྲིམས་གཞི་རྩ་འཛིན་གཞིར་བཟུང་ཕན་ཚུན་འཛོམས་འདུ་བྱས་ནས་ཚོགས་པ་འཚོག་རྒྱུར་བཀག་རྒྱ་བྱས་ཡོད་པའི་རྐྱེན་གྱིས་དང་།
ཚབས་ཆེན་ནད་ཡམས་འདི་འཕེལ་བར་མི་འགྱུར་བའི་ཆེད། བལ་ཡུལ་ནང་པའི་ཚོགས་ཆེན་ནས་ད་ལམ་སྟོན་པའི་དུས་ཆེན་ཉིན་མོར་དམིགས་བསལ་མཛད་སྒོ་འཚོག་རྒྱུ་མིན་པ་བྱས་པ་རེད།
བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་ཨཱཙཱརྱ་ནོར་བུ་ཤར་པ་མཆོག་ནས་བལ་ཡུལ་ནང་ཡོད་ཆོས་ཕྱོགས་བྱེད་སྒོ་སྤེལ་སའི་དགོན་ཆེན་དང་ཚོགས་སྡེ་སོགས་སུ་བལ་ཡུལ་གཞུང་གི་ཁྲིམས་གཞི་རྩ་འཛིན་ལྟར།
རང་གཞན་ཐམས་ཅད་ཀོ་རོ་ནའི་ནད་ཡམས་འདི་ལས་ཐར་བའི་ཆེད། འདུ་འཛོམས་ཆེན་པོ་གནང་མི་ཆོག་པ་དང་།
ཁྱུ་ཚོགས་རྒྱང་ཁྱད་ཆོད་པ་གནང་རྒྱུ་དང་། འཛམ་གླིང་ཞི་བདེ་ཡོང་བའི་སྨོན་འདུན་གྱིས་མཚམས་སྦྱར་ཏེ་སྒོམ་ཉམས་ལེན་ཞལ་འདོན་སོགས་གནང་གིན།
འདི་ལོའི་སྟོན་པའི་དུས་ཆེན་སྲུང་རྩི་གནང་རོགས་ཞེས་འབོད་སྐུལ་གནང་འདུག
བལ་ཡུལ་ནང་པའི་ཚོགས་ཆེན་གྱིས་ལོ་ངོ་མང་པོའི་སྔོན་ནས་ལོ་ལྟར་བཞིན་གཞུང་འབྲེལ་ལས་བྱེད་ཡིན་པ་དང་མིན་པ་ཅི་རིགས་ནང་པའི་དགེ་འདུན་ལྷན་ཚོགས་ཁག་དང་ལྷན་འབྲེལ་མཐུད་གནང་སྟེ།
སྟོན་པའི་དུས་ཆེན་གྱི་མཛད་སྒོ་རྣམས་གོ་སྒྲིག་བྱེད་བཞིན་ཡོང་བསྡད་པ་རེད།
ཡོངས་ཁུངས། བལ་ཡུལ་ནང་པའི་གསར་འགྱུར་དྲྭ་བ།
བསྒྱུར་བ་པོ། འདི་གའི་དྲྭ་བ་དོ་དམ་པ་ཚེ་ནོར་དོལ།


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།