རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 15 April 2020

ཏོག་དབྱིབས་ལམ་འཁྱེར་གནད་ཀྱི་གདམས་པ།


ངེས་པ་དོན་གྱི་མཁས་བཙུན་གྲུབ་པའི་རྣལ་འབྱོར་བ་སྐྱབས་རྗེ་བླ་མ་གཟན་དཀར་མཆོག་གིས་མཛད་པའི་ཏོག་དབྱིབས་ལམ་འཁྱེར་གནད་ཀྱི་གདམས་པ།(མཚན་འདི་རྫ་ཚེ་རིང་བཀྲ་ཤིས་ཀྱིས་གསོལ་བ་ཡིན)འདི་ཀུན་གྱིས་ཐུགས་དམ་དུ་མཛད་པར་ཞུ།

ནད་འདིས་ང་རྒྱལ་རི་བོ་བཅོམ། །
ནད་འདིས་འདོད་ཆགས་ཧམ་སེམས་བསད། །
ནད་འདིས་གཏི་མུག་གཉིད་ལས་སད། །
ནད་འདིས་ངེས་འབྱུང་སྐྱོ་ཤས་དྲན། །

ནད་འདིས་འཆི་བ་མི་རྟག་དྲན། །
ནད་འདིས་དགེ་སྡིག་བླང་དོར་ཤེས། །
ནད་འདིས་བསགས་སྦྱང་མཚམས་བསྙེན་འགྲུབ། །
ནད་འདིས་སྙིང་རྗེ་བྱང་སེམས་དྲན། །

ནད་འདི་དགེ་བའི་བཤེས་དང་འདྲ། །
ནད་འདི་དམ་པའི་ཆོས་དང་འདྲ། །
ནད་འདི་དྲང་པོའི་ཁྲིམས་དང་འདྲ། །
ནད་འདིས་གཙང་སྦྲ་འཕྲོད་བསྟེན་ཤེས། །


ནད་འདིས་སྨན་པའི་བཀའ་དྲིན་དྲན། །ནད་འདིས་དཔའ་བོར་མཚན་སྙན་ཐོབ། །
ནད་འདིས་འགྲོ་གཟབ་འདུག་ལུགས་ཤེས། །ནད་འདིས་ཟ་ལུགས་འཐུང་ལུགས་ཤེས། །

ནད་འདིས་བདེ་སྐྱིད་ངོས་འཛིན་ཤེས། །ནད་འདིས་འཆམ་མཐུན་སྣ་འདྲེན་བྱེད། །
ནད་འདིས་དམངས་གཙོའི་སྒོ་མོ་ཕྱེ། །ནད་འདིས་འཁྲུག་རྩོད་ཞི་འཇག་བྱས། །

ནད་འདིས་འཛམ་གླིང་ཞི་བདེར་བཀོད། །ནད་འདི་ལྟས་ངན་གཡང་འགྱུར་ཤོག །
ནད་ངན་བྱང་ཆུབ་ལམ་འགྱུར་ཤོག །རྐྱེན་ངན་བར་ཆད་ཞི་བར་ཤོག །
ལས་ངན་སྡིག་སྒྲིབ་འདག་པར་ཤོག །


 ༸བླ་མ་གཟན་དཀར་རིན་པོ་ཆེའི་འཕྲིན་ཕྲན་ལས་བཤུས་ཏེ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་སྤེལ🙏


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།