རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 13 April 2020

ཕྲག་དོག་གི་གནོད་པ་ཆེན་པོ་བརྒྱད།


ཕྲག་དོག་ནི་གནོད་པ་ཤིན་ཏུ་ཆེ་བའི་སྤྱོད་ངན་ཞིག་རེད། ཕྲག་དོག་གིས་འཚོ་བ་དང་མི་ཚེ། ད་དུང་བྱ་གཞག་དང་ལས་དོན་སོགས་ལ་གནོད་པ་བཟོ་སྲིད། དེ་བས་ཕེའུ་ཀན་ལགས་ཀྱིས་གསུངས་རྒྱུར། ཕྲག་དོག་ནི་གནོད་པ་ཆེ་བའི་གདོན་འདྲེ་ཞིག་དང་འདྲ་བར་མི་ཡུལ་གྱི་བདེ་སྐྱིད་ལ་གཏོར་སྐྱོན་ཆེན་པོ་བཟོ་སྲིད། གཤམ་དུ་ཕྲག་དོག་གི་གནོད་པ་ཆེན་པོ་དྲུག་རེ་རེའི་བཞིན་ངོ་སྤྲོད་བྱའོ།། 


གཅིག མིའི་སེམས་ཁམས་དང་འབད་བརྩོན་གྱི་སྙིང་སྟོབས་ལ་གནོད་པ་ཚབ་ཆེན་བཟོ་སྲིད།
གཉིས། ཕྲག་དོག་ཇི་འདྲ་ཆེ་ན་ཕྱོགས་ཞེན་དེ་འདྲ་ཆེ།
གསུམ། མི་འཇོན་ཐང་ཅན་གྱི་བྱ་གཞག་དང་དེའི་མདུན་ལམ་ལ་གནོན་སྐྱོན་ཆེན་པོ་བཟོ་སྲིད།
བཞི། མི་དང་མིའི་བར་གྱི་འབྲེལ་བ་ལ་གནོན་སྐྱོན་ཆེན་པོ་བཟོ་སྲིད
ལྔ། ཕྲག་དོག་གི་སེམས་ཁམས་ཀྱིས་མིའི་མདུན་སྐྱོད་ལ་བཀག་འགོག་ཐེབས་སྲིད་པ་མ་ཟད། ད་དུང་ཐུན་མོང་གི་མཐུན་སྒྲིལ་ལ་གནོད་པ་བཟོ་སྲིད།
དྲུག ཕྲག་དོག་གིས་མིའི་ལུས་ཕུང་དང་སེམས་ཀྱི་བདེ་ཐང་ལ་གནོད་པ་བཟོ་སྲིད།
བདུན། ཕྲག་དོག་གིས་མིའི་གློ་བ་ལ་གནོད་སྐྱོན་ཆེན་པོ་བཟོ་སྲིད། བརྟག་དཔྱད་བྱས་པ་ལྟར་ན། གློ་བ་ནད་པ་ཅན་གྱི་མི་མང་ཤོས་ལ་ཕྲག་དོག་ཤིན་ཏུ་ཆེ།
བརྒྱད། ཕྲག་དོག་ནི་སེམས་ནད་ཅིག་ཡིན་པ་དང་མིའི་རིགས་ལ་ཕན་འབྲས་གཅིག་ཀྱང་མེད། འཇོན་ཐང་ཡོད་ཀྱང་སེམས་རྒྱུ་ཆུང་བའི་མི་དེའི་རིགས་ལ་ཕྲག་དོག་ཡོད། ཕྲག་དོག་བྱ་ཡུལ་ནི་རང་ཉིད་དང་འདྲ་མཉམ་ཡིན་པ་དང་། ཡང་ན་རང་ཉིད་དང་ཅུང་འཇོན་ཐང་ཆེ་བའི་མི་དེའི་རིགས་ཡིན་། རང་ཉིད་དང་འབྲེལ་བ་གཅིག་ཀྱང་མེད་པའི་མི་ལ་ཕྲག་དོག་བྱ་མི་སྲིད།
མདོར་ན། ཕྲག་དོག་ལ་གོང་དུ་བཀོད་པའི་གནོད་སྐྱོན་འདི་དག་ལས་གཞན་ད་དུང་གནོད་སྐྱོན་ཤིན་ཏུ་མང་། 


ལུག་ཚང་དཔལ་ཡོན་འཕྲིན་སྟེགས་ལས་བཤུས།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།