རྩོམ་པ་པོ། དོལ་སྨྱོན།
ནད་ཡམས་ཞི་རྗེས།
རྒྱ་གར་ནང་རྐང་ཆག་ལག་ཆག་མང་བ་འབྱུང་རྒྱུ་དང་།
ནུབ་ཕྱོགས་སུ་སྦྲུམ་མའི་གྲངས་ཁ་འཕར་བའི་ཚོད་དཔག་བྱེད་ཀྱིན་འདུག
ནད་ཡམས་ཞི་རྗེས།
ཤར་ཕྱོགས་སུ་འཚོང་ལས་དཔལ་འབྱོར་ལ་ཤུགས་རྒྱག་དགོས་པ་དང་།
ནུབ་ཕྱོགས་སུ་འཁྲིག་སྤྱོད་ཡོ་བྱད་ཁ་སྐོང་ལ་འབད་བརྩོན་བྱེད་པའི་ཚོད་དཔག་བྱེད་ཀྱིན་འདུག
ནད་ཡམས་ཞི་རྗེས།
ཤར་ཕྱོགས་སུ་དགའ་སྤྲོའི་གླིང་ག་གཏོང་མཁན་མང་བ་འབྱུང་རྒྱུ་དང་།
ནུབ་ཕྱོགས་སུ་སྨྱོ་ནད་ཚན་པར་ལས་ཀ་ཐད་པ་སླེབས་རྒྱུའི་ཚོད་དཔག་བྱེད་ཀྱིན་འདུག
ནད་ཡམས་ཞི་རྗེས།
ཁང་ཐོག་དང་ཁྱམས་ར་ནས་“ཕྱག་ལས”གནང་མཁན་ཉུང་དུ་འགྲོ་བ་དང་།
ཉལ་ཁང་ནང་ནས་“ཕྱག་ལས”གནང་མཁན་མང་དུ་འགྲོ་བའི་ཚོད་དཔག་བྱེད་ཀྱིན་འདུག
ནད་ཡམས་ཞི་རྗེས།
ཉིན་དཀར་ལ་མངོན་གསལ་དོད་པོས་“ཕྱག་ལས”གནང་མཁན་ཉུང་དུ་འགྲོ་བ་དང་།
མཚན་ལ་མངོན་ཆུང་གིས”ཕྱག་ལས”གནང་མཁན་མང་དུ་འགྲོ་སྲིད་པའི་ཚོད་དཔག་བྱེད་ཀྱིན་འདུག
ནད་ཡམས་ཞི་རྗེས།
སྤྱི་ཚོགས་ནང་སྨན་པ་དང་སྨན་ཞབས་དག་ལ་མཐོང་ཆེ་རུ་འགྲོ་རྒྱུ་དང་།
ནང་པ་དང་ཡེ་ཤུ་སོགས་ཆོས་ཀྱི་དབུ་འཁྲིད་དག་གི་མཐོང་ཆུང་དུ་འགྲོ་སྲིད་པའི་ཚོད་དཔག་བྱེད་ཀྱིན་འདུག
ནད་ཡམས་ཞི་རྗེས།
མིའི་རིགས་སྔར་བཞིན་འཚོ་ངེས་ཀྱང་།
སྲོག་ཆགས་ཡོད་ཚད་བཟའ་བར་དོགས་ཟོན་བྱེད་སྲིད་པའི་ཚོད་དཔག་བྱེད་ཀྱིན་འདུག
ནད་ཡམས་ཞི་རྗེས།
མི་ཞིག་སྔར་རྒྱུན་བཞིན་ཞོགས་པར་“མེ་འཁོར་ཀ་པར”བསྡད་ནས་ཡར་འགྲོ་ཞིང་།
དགོང་མོ་“མེ་འཁོར་ཀ་པར”བསྡད་ནས་མར་ལོག་པའི་ཚོད་དཔག་བྱེད་ཀྱིན་འདུག
ནད་ཡམས་ཞི་རྗེས་་་་་་་་་་
04-14-2020
དོལ་སྨྱུག་ཚོགས་འཕྲིན་ཚོམས་ལས་བཤུས།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།