རྩོམ་པ་པོ། སྡེ་དགེ་སྐལ་བཟང་།
ཞི་བདེའི་ཕུག་རོན་འཕགས་པའི་ཡུལ་ན་ཡོད།།
སྙན་པའི་གྲགས་པ་འཛམ་གླིང་ཁྱོན་ན་ཡོད།།
མཛད་པ་ཆེན་པོས་འགྲོ་དྲུག་སྐྱོངས་བཞིན་ཡོད།།
དུས་ཀྱི་དེད་དཔོན་༸སྐྱབས་མགོན་རིན་པོ་ཆེ།།
དུས་ཀྱི་སྟོན་པ་འཕགས་པའི་ཡུལ་ན་ཡོད།།
གསུང་གི་མཛད་པ་ཁམས་གསུམ་ས་ན་ཡོད།།
སྐུ་ངལ་ཆེན་པོས་གཞན་དོན་སྒྲུབ་བཞིན་ཡོད།།
ངུར་སྨྲིག་འཆང་བའི་ཤཀྱའི་དགེ་སྦྱོང་ཁྱེད།།
དུས་རབས་འདི་ཡི་སྟོན་པ་གཅིག་པུ་ཡིན།།
ཆེ་དགུའི་གཙུག་རྒྱན་འཛམ་བུ་གླིང་ན་ཡོད།།
འཚེ་མེད་བྱམས་བརྩེ་འགྲོ་དྲུག་ཀུན་ལ་སྩོལ།།
ཐབས་ཤེས་བཟང་པོས་བྱམས་བརྩེའི་ལམ་སྟོན་གནང་།།
འགྲོ་བའི་དོན་དུ་མཛད་པ་ལྷུ་ལེན་མཁན།།
ང་ཡི་བླ་མ་བསྟན་འཛིན་རྒྱ་མཚོ་མཁྱེན།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།