རྩོམ་པ་པོ། གངས་སེང་དཀར་མོ།
སྤྱན་ཆེན་འོད་ཀྱིས་གང་བའི་ལྷ་བུ་དཀར་པོ།།
འཛན་གླིང་མུན་པ་སེལ་བའི་ཁྲི་གདུགས་ཉི་མ།།
འཛུམ་ཤ་འགྲོ་ལ་སྦྱིན་པར་ངལ་བ་མེད་པའི།།
བརྩེ་བའི་མ་མ་ཆེན་པོ་བདུད་རྩིའི་མཚོ་ཆེན།།
ཕན་བདེའི་གྲུ་ཆར་འཇོ་བའི་ཞི་བདེའི་ལྷ་བྱ།།
ཐལ་མོ་ཐུགས་ཀར་སྦྱོར་ལ་ཉེ་རིང་མེད་པའི།།
བྱང་སེམས་སྤྱན་ཤེལ་ཅན་པ་ཁྱེད་ལ་མཆོད་དོ།།
འཛམ་གླིང་རྩེ་ཁའི་ནོར་བུ་གངས་རིའི་སྐར་ཆེན།།
ཤར་ནུབ་རིགས་པས་སྐོར་བའི་ད་ལྟའི་སྟོན་པ།།
མདའ་འམ་མདུང་ཐུང་མཚོན་ཆ་ཕྱག་ན་མེད་པའི།།
རྒྱལ་བ་མཚན་སྙན་ཅན་པ་ཁྱེད་ལ་མཆོད་དོ།།
གཤོག་ཟུང་མཁའ་ལ་རྐྱོང་བའི་ཐང་དཀར་རྒོད་པོ།།
བཀའ་བསྟན་ནོར་བུའི་སྒྲོན་མེ་འོད་དུ་སྦར་མཁན།།
འཇིག་རྟེན་འདིར་ཡང་སྐྱོན་གྱིས་གོས་པ་མེད་པའི།།
ལྷ་གཅིག་པད་དཀར་ཅན་པ་ཁྱེད་ལ་མཆོད་དོ།།
མར་ཁུའི་རྒྱ་མཚོ་འཁྱིལ་བའི་ཚེ་འབར་ཀོང་བུ།།
རྒྱལ་བསྟན་མུ་མཐར་བསྲིང་བའི་སྲོག་གི་ཀ་བ།།
རང་གཞན་ཆགས་སྡང་ཉེ་ཞོ་རྡུལ་ཙམ་མེད་པའི།།
སྐྱེས་མཆོག་ཐུགས་རྗེ་ཅན་པ་ཁྱེད་ལ་མཆོད་དོ།།
སྲིད་པའི་དུཿཁ་འབྱིན་པའི་དུང་ཟླ་དཀར་པོ།།
དགོན་པའི་རྒྱ་ཕིབས་སྐྱོར་བའི་གསེར་ཏོག་སེར་པོ།།
དབུ་ཤོག་དུང་གི་ཕྲེང་བར་ནག་ཐིག་མེད་པའི།།
བླ་མ་གཟི་མདངས་ཅན་པ་ཁྱེད་ལ་མཆོད་དོ།།
༢༠༢༠/༡༢/༡༠
རྩོམ་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་བླངས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།