དོལ་པོ་ཕུར་པ། (སྔ་འགྱུར་མཐོ་སློབ་ཆེན་མོ།)
གཟི་འོད་འཕྲོ་བའི་སེར་ཕིབས་འོག།
རང་སེམས་ཆོས་ལ་མ་བཀོལ་བར།།
ཟ་འདུག་ཉལ་གྱིས་བགྲོད་པ་འདིས།།
འཛིན་གྲྭ་འཕར་རིམ་དགུ་པོའི་ནང་།།
དབྱུགས་དང་ཏིང་བརྡས་མ་སྐུལ་བར།།
དཔེ་དེབ་མིག་གིས་མི་མཇལ་འདིས།།
གཞུང་ཆེན་ཟབ་གནད་ཤེས་ལགས་སམ།།
དུས་རབས་གསར་པའི་རྒྱལ་ཁམས་འདིར།།
གཞན་བསྟན་མཛུབ་སྟོན་མེད་པ་རུ།།
ཁེར་རྐྱང་རྡོག་སྣེས་སྐོར་དགོས་ན།།
ཕ་ཡིག་ཁོ་ནས་འགྲིག་ལགས་སམ།།
ཉིན་མཚན་དུས་དྲུག་འཁོར་མོའི་ནང་།།
ཁ་པར་འབྲལ་མེད་འཕུར་མཉེད་ཀྱིས།།
སེམས་ཆུང་རྣམ་པར་ཡན་པ་འདིས།།
དུས་ཀྱི་རིན་ཐང་ཤེས་ལགས་སམ།།
འཕྲལ་གྱི་བྱ་བ་གཙིགས་བཟུང་ནས།།
ཕུགས་ཀྱི་དོན་ཆེན་བསྐྱུར་བྱས་ཏེ།།
ལོ་ཟླ་རང་དགར་སྐྱེལ་བ་འདིས།།
མི་ཚེ་དོན་ལྡན་འགྲུབ་ལགས་སམ།།
ཡོང་ཁུངས།: རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་དྲངས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།