རྩོམ་པ་པོ། ཀྲང་ཀྲིན། སྒྱུར་བ་པོ། ཕྱག་རྡོར་སྐྱབས།
ཨ་མེ་རི་ཁའི་རླབས་ཆེན་གྱི་ཚན་རིག་པ་གྲགས་ཅན་ཨའེ་ཏེ་ཧྲིན་གྱིས་སྐད་ཆ་འདི་འདྲ་ཞིག་གསུངས་ཡོད་དེ། “རླབས་ཆེན་གྱི་མི་སྣ་དག་ལ་ཆེས་མངོན་གསལ་གྱི་རྟགས་མཚན་ཞིག་ཡོད་པ་ནི་བློ་རྩ་བརྟན་པོའི་སེམས་ཤུགས་ཤིག་མངའ་བ་དེ་ཡིན།” སྟོབས་ཤུགས་དང་སེམས་ཤུགས། སྙིང་སྟོབས་སོགས་གང་ལ་མཚོན་ན། སེམས་ཤུགས་ནི་མི་སྒེར་དང་ཚོགས་སྤྱི་གང་དེས་ཕུགས་བསམ་དང་འདུན་མ་མངོན་འགྱུར་འབྱུང་བའི་ལྷད་མེད་ཀྱི་བརྩོན་འགྲུས་དང་རྒྱལ་ཁ་ཡིན། ཞེས་བརྗོད་ན་ཡང་ཆོག་གོ །དེ་ནི་སེམས་ཀྱི་སྟོབས་ཤུགས་གསོན་པོར་འགྱུར་ནས་བག་འཁུམ་གྱི་བློ་ནི་ནམ་ཡང་འབྱུང་མི་སྲིད་དོ།།
སེམས་ཤུགས་ཀྱིས་མི་ཞིག་གི་བསམ་བློའི་འཇིག་རྟེན་ཡོངས་སུ་ཚོད་འཛིན་དང་བཀོད་སྒྲིག་བྱེད་ཐུབ་པར་མ་ཟད། ད་དུང་མི་དེའི་བློ་སེམས་ལ་སྔར་མེད་ཀྱི་ནུས་པ་དང་སྟོབས་ཤུགས་བླ་མེད་ཞིག་སྩོལ་ངེས། སྟོབས་ཤུགས་ནི་མི་རྣམས་ཀྱི་གསར་རྟོག་དང་དབང་སྒྱུར་གྱི་ནུས་པ་མཐོར་འདེགས་གཏོང་བྱེད་ཀྱི་བློ་འབྱེད་ལྡེ་མིག་ཡིན་པར་མ་ཟད། ལེགས་འགྲུབ་བྱུང་ཡོད་པའི་མི་བུ་རླབས་ཆེན་རེ་རེའི་ཐུགས་རྒྱུད་ན་ཡོད་པའི་འགྱུར་མེད་ཀྱི་དཔའ་གདེང་ཡང་ཡིན། ཧྭ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་གསར་རྙེད་བྱུང་བ་ལྟར་ན། སེམས་ཤུགས་ཀྱི་འཕེལ་འགྱུར་གྱིས་མི་ཞིག་ལེགས་འགྲུབ་ཡོང་བའི་གནད་འགག་གི་སྐབས་དེར་བྱེད་ནུས་གལ་ཆེན་འདོན་གྱིན་ཡོད། དེ་ནི་མི་མངོན་པའི་ནུས་མཐུ་རེད་ཅེས་བརྗོད་ན་ཤིན་ཏུ་ལེགས། མི་ཞིག་གིས་སེམས་ཐག་གཙང་སྤྱད་ཀྱིས་དོན་དག་ཅིག་སྒྲུབ་པ་ཡིན་ན། སེམས་ཤུགས་ནི་ཁོའི་བསམ་བློའི་སྟོབས་ཤུགས་ཀྱི་འཐུས་ཚབ་པ་ཡིན་ཞེས་བརྗོད་ན་ཡང་འགྲིག་འདོད། གལ་ཏེ་མི་ཞིག་གི་རྒྱུད་ལ་འགྱུར་མེད་ཀྱི་སེམས་ཤུགས་ཤིག་ཡོད་ན། དེ་ནི་ཁོང་རང་མི་ཚེ་འདིར་རྒྱལ་ཁའི་ལམ་དུ་སྐྱོད་བྱེད་ཀྱི་ཆེས་བཟང་བའི་ལག་ཆ་ཡིན་པ་མ་ཟད། བདེ་སྐྱིད་ཀྱི་དམིགས་པ་ལེགས་འགྲུབ་ཡོང་བའི་ཆེས་རིན་ཐང་ལྡན་པའི་ལེགས་སྐྱེས་ཤིག་ཀྱང་ཅི་ནས་མིན།
ཧྭ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཞིབ་འཇུག་པ་དག་གི་འཚོལ་དཔྱད་དང་ཨའེ་ཏེ་ཧྲིན་གྱིས་གསུངས་པ་གཉིས་ཤིན་ཏུ་མཐུན་ཏེ། སེམས་ཤུགས་ནི་རང་ཉིད་ཡར་རྒྱས་སུ་འགྲོ་བའི་སྐུལ་སློང་དང་བློ་ཕམ་གྱི་སྐབས་སུ་སེམས་རྩར་སྙིང་སྟོབས་སྩོལ་བའི་ཆེས་ལེགས་པའི་ནུས་ཤུགས་ཡིན། དེའི་ཕྱིར་སེམས་ཤུགས་ཡར་རྒྱས་སུ་གཏོང་བ་ནི་ལེགས་འགྲུབ་འབྱུང་བར་འབད་པའི་མི་ཡོད་དོ་ཅོག་གི་མི་ཚེའི་སྟེང་གི་ཆེས་གལ་ཆེ་བའི་བྱ་བཞག་རེད་འདུག
རྡོ་སྣུམ་གྱི་རྒྱལ་བོར་འབོད་པའི་ལའོ་ཁུ་ཧྥེ་ལི་(洛克菲勒)ནི། ཨ་མེ་རི་ཁའི་དུས་རབས་ ༡༩ བའི་ནང་གི་ཆེས་ཆེ་བའི་ཕྱུག་བདག་གསུམ་གྱི་ཡ་གྱལ་ཡིན། ཁོང་གི་ཆེས་འོད་སྟོང་འཕྲོ་བའི་དར་མའི་དུས་ཚོད་ལ་ཁོས་ཨ་རའི་རྡོ་སྣུམ་གྱི་ ༩༥% ཡི་བདག་དབང་སྒེར་བཟུང་བྱེད་ཚར་འདུག མི་ཚེ་གང་བོར་ཨ་སྒོར་དུང་ཕྱུར་ ༡༠ ལས་མང་བ་ཞིག་བཙལ་མྱོང་། དེ་ནི་མ་རྩ་རིང་ལུགས་འཇིག་རྟེན་ལས་ཨ་སྒོར་དུང་ཕྱུར་ ༡༠ ལ་ཟིན་པའི་མི་གཅིག་པུ་ཡང་ཆགས་འདུག་གོ །དགུང་ལོ་ ༩༨ ལ་བཞུགས།
ལའོ་ཁུ་ཧྥེ་ལིས་དུས་རྒྱུན་རང་གི་བུ་རབས་ལ་འདི་ལྟར་ཁ་ཏ་བྱས་ཡོད་དེ། "འབྱོར་ཕྱུག་མི་རབས་གསུམ་ལ་མི་ཐོན། ཁྱིམ་ཐབས་སྐྱོང་མཁན་ལས་མི་རབས་དང་བོ་དེར་ནམ་རྒྱུན་གསར་གཏོད་ཀྱི་ཆ་རྐྱེན་གྱིས་དབུལ་ནས་ཡོད། ཁྱོད་ཚོས་ཤེས་དགོས། གལ་ཏེ་སྡུག་རུས་མི་བྱེད་པ་ཡིན་ན། དེ་ལ་མུ་མཐུད་འཚོ་ཞིང་གནས་པའི་ཉི་མ་རིང་བོ་མེད། གསར་གཏོད་ཀྱི་རིགས་ལམ་ཆེད་དུ་འཚོལ་སྙེག་བྱེད་དུས། དོན་དག་ཀུན་ལ་དཀའ་སྤྱད་འབད་བརྩོན་བྱེད་དགོས། འདི་འདྲའི་དཀའ་སྡུག་ཁྲོད་ནས་གསར་དུ་གཏོད་པའི་རྨང་རེ་རེ་ཡང་སྲ་ཞིང་མཁྲེགས་པ་ཞིག་ཡིན་ངེས། གལ་ཏེ་མི་རབས་གཉིས་པ་དེས་རྨང་གཞི་དེ་དག་འོས་བབས་ཀྱིས་བཀོལ་སྤྱོད་བྱེད་མཁས་པ་ཡིན་ན། ཁྱིམ་ཚང་དབུལ་བོ་ལས་ཐར་ཁོ་ཐག་ཡིན། འོན་ཀྱང་། མི་རབས་གསུམ་པ་དེས་དཀའ་ཁག་ཅི་ཡང་མྱོང་མི་དགོས་པར་མ་ཟད། ཐ་ན་དཀའ་སྡུག་དང་འཚོ་བ་ངན་ངོན་གྱི་དྲི་མ་གཞི་ནས་ཚོར་མི་ཐུབ་མཁན་གྱུར་འགྲོ། དེའི་རྐྱེན་གྱིས་ཁྱིམ་ཚང་དེའི་འབད་པའི་གཟུང་ཐག་ལྷོད་འགྲོ། གལ་ཏེ་གཟུང་ཐག་དེ་ལྷོད་སོང་བ་ཡིན་ན། མི་རབས་གསུམ་པ་དེ་ཤེས་མེད་ཚོར་མེད་ཀྱིས་དབུལ་བོར་ཆགས་འགྲོ། དེའི་ཕྱིར་འབྱོར་ཕྱུག་ནི་མི་རབས་གསུམ་ལ་མི་ཐོན།" ཞེས་གསུངས་པ་རེད།
ང་ཚོས་ལའོ་ཁུ་ཧྥེ་ལི་ཡི་རང་རྣམ་ལས་ཤེས་གསལ་ལྟར་ཁོ་ནི་བློ་བརྟན་འགྱུར་མེད་དང་འབད་འབུངས་མཐའ་འཁྱོངས་བྱེད་མཁན་ཞིག་ཡིན། ཁོར་མུ་མཐུད་མདུན་སྐྱོད་ཀྱི་བློ་སྤོབས་མངའ་བས་མཐར་དཀའ་སྡུག་གི་འཚོ་བའི་ཁྲོད་ནས་རྣམ་པར་རྒྱལ་བ་རེད།
དེའི་ཕྱིར། སེམས་ཤུགས་ནི་བསམ་བློའི་སྟོབས་ཤུགས་ཀྱི་འགུལ་ཤུགས་གཙོ་བོ་ཡིན་པ་མ་ཟད། འབད་བརྩོན་ལྷོད་མེད་ཁྲོད་ནས་མུ་མཐུད་དམིགས་འབེན་ལེགས་འགྲུབ་འབྱུང་བར་མངོན་མེད་ཀྱི་སྟོབས་ཤུགས་སྩོལ་མཁན་གཅིག་པུ་ཡང་ཆགས་འདུག འདི་འདྲའི་དམིགས་ཡུལ་ནི་ཡུན་ཐུང་དང་ཡུན་རིང་གང་ཞིག་ཡིན་ཀྱང་ཆོག དེ་མིན་མི་ཡུལ་གྱི་ཆེས་ཉག་ཕྲ་བའི་གནས་རེ་རེ་དང་། མི་དང་མིའི་བར་གྱི་འབྲེལ་ལམ་ལ་ཆེས་ལྷད་མེད་ཀྱི་ནུས་ཤུགས་བཙལ་ནས་ཆེས་བླ་མེད་ཀྱི་རིན་ཐང་མངོན་པའི་བདེ་སྐྱིད་ཀྱི་འབྱུང་ཁུངས་འཁྲུལ་མེད་ཅིག་རེད། དེར་བརྟེན་སེམས་ཤུགས་ཀྱིས་དུས་ཡུན་རིང་ཞིང་ཉེན་ཁ་ཆེ་བ། ཁེ་ཐོབ་མང་བའི་ཛ་དྲག་གི་ཁྲོད་མི་ཀུན་ལ་སེམས་ཤུགས་བླ་མེད་ཞིག་སྩོལ་ངེས། དེ་ནི་མཐར་གཏད་ན་ང་ཚོའི་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་བྱ་བ་ཙག་ཙིག་ལ་ནན་ཏན་དང་། རྒྱུན་འཁྱོངས། ཧུར་བརྩོན། ཞིབ་ཚགས་སོགས་ཀྱི་སྣེ་རེ་རེ་ནས་ཐག་གཅོད་དང་གཏན་ཁེལ་བྱེད་ཀྱིན་ཡོད་པ་རེད།
ཡང་སྐབས་རེར་སྟེས་དབང་དང་ཐོལ་བྱུང་གིས་འཕྲད་པའི་བྱ་བའི་ཁྲོད། སེམས་ཤུགས་ཀྱིས་ཀྱང་ནམ་རྒྱུན་ང་ཚོར་སྤོབས་པ་དང་སྙིང་རུས་སྩོལ་གྱིན་ཡོད། ཡིན་ཡང་མདུན་དུ་ལྷག་པའི་བྱ་བའི་ཡོད་ཚད་ནི་མི་ཚེ་ཧྲིལ་བོའི་ཁྲོད་ཀྱི་ཆེས་ཆེ་བའི་དམིགས་འབེན་ལ་འབྲེལ་འཐུད་བྱེད་ཡོད་པས། སྐབས་ལན་རེར་སེམས་ཀྱིས་ལྕོགས་རུང་ལུས་ཕུང་གིས་མི་ལྕོགས་པའི་སྣང་ཚུལ་རེ་འགའ་ཡོད་སྲིད། དེ་ནི་གཙོ་བོ་མི་བུ་རང་ཉིད་ཀྱི་གཟུགས་གཞི་བདེ་ཐང་དང་འཚོ་བའི་དཀལ་ངལ་སོགས་རིམ་པས་སེལ་བར་བྱེད་ནས། ཡུན་གྱིས་བྱ་བ་ཆེན་པོའི་འགོ་བརྩམས་པ་ནི་ཤིན་ཏུ་ལེགས་པའི་ཐབས་ཤེས་ཟུང་འབྲེལ་གྱི་འཚོ་ཐབས་ཤིག་རེད་སྙམ། དུས་ཚོད་བཀོད་སྒྲིག་དང་ཟས་རིགས་ལོངས་སྤྱོད་སོགས་ནི་ཀུན་ལ་མཚོན་ན་ཤིན་ཏུ་གལ་ཆེན་ཞིག་ཡིན། ཕྱོགས་གཞན་ཞིག་གི་ངོས་ནས་བཤད་ན་མི་རེ་འགའི་ལུས་གཟུགས་བདེ་ཐང་དང་སྐྱེ་ཁམས་ཁོར་ཡུག་མི་འདྲ་བ་སོགས་ཀྱི་དབང་གིས་དུས་ཡུན་ཧ་ཅང་རིང་བོར་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་སའི་བྱ་བཞག་ཁྲོད་སེམས་ཤུགས་ཀྱིས་རྒྱུན་ལྡན་ལྟར་བྱ་བ་སྒྲུབ་དཀའ་བར་གདའ། དེ་ལྟ་བུའི་གནས་བབས་འོག་གི་མིའི་སེམས་ཤུགས་ཀྱིས་དུས་ཡུན་རིང་བོའི་དམིགས་འབེན་ཆེན་པོ་འགྲུབ་པར་ངེས་ཅན་གྱི་བཀག་འགོག་བྱེད་ཀྱིན་ཡོད། དེའི་ཕྱིར། སེམས་ཤུགས་བླ་ལྷག་ལྡན་མིན་ནི་མི་ཞིག་གི་མི་ཚེ་རྒྱལ་ཕམ་ནང་གི་གལ་ཆེ་བའི་ཆ་རྐྱེན་གཅིག་ཡིན།
ཞིབ་འཇུག་གི་གསལ་བཤད་ལྟར་ན། སེམས་ཤུགས་ནི་ཚད་ཡོད་པའི་ཐོན་ཁུངས་ཤིག་ཡིན་ཞེས་བརྗོད་འདུག ཁྱོད་ཀྱིས་རང་གི་སེམས་འདུན་ལ་བརྟེན་ནས་དུས་རྒྱུན་རང་ཉིད་ཀྱི་ངར་སེམས་དང་ཁོང་ཁྲོ་སོགས་ལ་ཚོད་འཛིན་དང་ཞི་རྒོལ་བྱེད་པའི་སྐབས་སུ། ཁྱོད་ལ་རིམ་གྱིས་ཨ་ཐང་ཆད་པའི་ཚོར་འདུན་དྲག་པོ་རེ་སྟེར་སྲིད། སྐབས་དེར་རང་ཉིད་ལ་ཡིད་ཆེས་དང་བྱ་བའི་དོན་དངོས་ལ་འདང་རྒྱབ་ནས་ཡུན་ཐུང་གི་ཁེ་ཕན་གབ་སྟེ་ཡུན་རིང་གི་བདེ་སྡུག་ལ་འདང་རྒྱག་དགོས། དེའི་ཕྱིར། ཆེས་བཟང་བའི་བྱ་ཐབས་ནི་འཐབ་རྩོད་དང་བསླུ་བྲིད་ཀྱི་མདུན་དུ་བློ་རྩ་བརྟན་པོས་བྱ་དོན་གང་ལ་ཧུར་ཐག་གིས་འབད་འབུངས་བྱ་རྒྱུ་དེའོ། །ང་ཚོས་ཉིན་རྒྱུན་སོ་འཁྲུ་བ་དང་ཟ་མ་ཟ་དགོས་པ་ནང་བཞིན། གཤིས་སྤྱོད་ལྡན་པའི་གོམས་གཤིས་བཟང་བོ་ཞིག་གོམས་པར་བྱེད་དགོས།
ལའོ་ཁུ་ཧྥེ་ལི་ལོ་ན་གཞོན་དུས་སུ། རང་ཉིད་ལ་བླ་ལྷག་གི་སེམས་ཤུགས་ཤིག་རྒྱུན་བསྲིང་བྱེད་རྒྱུའི་ཆེད་དུ་ཁོས་རྒྱུན་དུ་སྐུལ་སློང་གི་རང་བཞིན་ལྡན་པའི་ཡི་གེ་བྲིས་ཏེ་རང་གིས་མཐོང་ཐུབ་པའི་སར་སྦྱར་ཡོད། དེ་ལྟར་རིམ་གྱིས་ཁོང་གི་ཀླད་པའི་ནང་ལ་འགྱུར་མེད་ཀྱི་སྤོབས་སེམས་གསོན་པོ་ཞིག་གསོག་འཇོག་བྱས་ནས་ཡོང་ཟེར། གཞན་ཡང་། ཁོས་ཉིན་རྒྱུན་དུས་ཚོད་ག་གེ་མོ་བེད་སྤྱད་ནས་རང་ཉིད་ལ་ཞིབ་འདྲི་དང་རང་གི་ལུས་ཕུང་ལ་ཞིབ་ལྟ་བྱེད་མྱོང་། ཁོང་གིས་དུས་རྒྱུན་གྱི་སྒྲུབ་སྟངས་འདི་དག་ཁོང་རང་མུ་མཐུད་འཕེལ་རྒྱས་འགྲོ་བའི་གཞི་རུ་གྱུར་ཡོད་མེད་ལ་རིན་ཐང་ལྡན་པའི་སྒོ་ནས་ཚོད་འཇལ་ཐེངས་མང་བྱེད་མྱོང་། གསལ་ཐག་ཆོད་པའི་སྒོ་ནས་བྱ་ཐབས་གང་དག་ལ་གཡོལ་དགོས་པ་དང་སྒྱུར་བཅོས་གཏོང་དགོས་པ་སོགས་ཀྱི་འཐད་ལ་དོ་སྣང་གང་མང་བྱེད་འདུག
ཁོས་ད་དུང་རྒྱུན་དུ་མཐའ་འཁོར་གྱི་ཉེ་མི་དང་ལས་གྲོགས་རོགས་པ་སོགས་ལ་འཚོ་བ་དང་བྱ་བའི་ཁྲོད་དུ་བྱུང་མྱོང་བའི་ཉམས་མྱོང་བརྗེ་རེས་བྱས་ཏེ་མི་ལེགས་པའི་བྱ་བ་ཀུན་གཞོག་གཅིག་ཏུ་བསྐྱུར་ནས་རང་གི་ཡིད་ཆེས་ཀྱི་སེམས་འདུན་གསོན་པོ་དེ་ཇི་ལྟར་གསོ་སྐྱོང་བྱེད་པའི་ཐད་ལ་འབད་དགོས་ཟེར་ནས་སྐུལ་མ་བར་མེད་དུ་བཏང་མྱོང་།
ལོས་ཡིན། ང་ཚོས་སེམས་ཤུགས་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཐེངས་གཅིག་གི་ཚོད་ལྟ་བྱེད་པའི་ཁྲོད་ནས་རྒྱལ་ཁ་ཡོད་ཚད་ལེན་པའི་མཆོད་སྐྱོང་རིང་ལུགས་མེད་པར་གཏོང་དགོས། ངེས་པར་མཁོ་བའི་སེམས་ཤུགས་གསོན་པོ་ནི་ཡང་དང་བསྐྱར་དུ་ཚོད་ལྟ་གྲངས་མེད་བྱེད་མཐར་ཐོབ་པའི་འབྲས་བུ་དག་མ་ཡིན་པ་ཤེས་དགོས། ནམ་རྒྱུན་ཕམ་ཁར་རེག་པའི་ཚེ་ང་ཚོས་ཐོག་མར་གང་དེའི་ཕམ་པའི་གཞི་གང་ཡིན་པ་འཚོལ་དགོས། དེ་ནས་བྱ་ཐབས་བཙལ་ཏེ་གནད་དོན་ཐག་གཅོད་བྱེད་དགོས། ཚོད་ལྟ་གང་འདྲ་ཞིག་བྱེད་དགོས་རུང་། རྒྱུན་སྐྱོང་བའི་སེམས་ཤུགས་ལྷོད་མི་རུང་།
ཡོང་ཁུངས། འོད་འཛིན་སྤྱི་སྟེགས་དྲྭ་བ་ལས་བཤུས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།