གངས་སེང་དཀར་མོ།
སྦྲང་མའི་གར་གྱིས་དྲི་ཞིམ་ཆིལ་ཆིལ་ཁུར།།
བརྩེ་བའི་རྒྱ་མཚོ་ཟད་པ་མེད་པར་བརླན།།
མི་ཁོག་གྲུབ་པའི་ཚུགས་དེར་མ་འགོངས་ན།།
མེ་ཏོག་ཚོགས་ཀྱི་དབུ་རྒྱན་ཤིག་གེར་སྒྲོན།།
དལ་བུར་འཁྲིལ་བའི་སྙིང་གི་སྡུག་གུ་མ།།
སྙན་ངག་ཁ་ལ་དལ་ཅིག་ཕེབས་རོགས་དང་།།
རྨི་ལམ་ནང་ནས་འཁོར་བའི་སྙིང་པོ་ལེན།།
ཞེ་དང་སྙིང་ལ་ཡི་གེའི་ཕྲེང་ཆུང་བསྟར།།
འཛུམ་པའི་མདངས་ལ་ཅུང་ཟད་འོད་དུ་ལང་།།
ལྷ་ཚོགས་ཐམས་ཅད་ཁྲོས་པ་ཅང་མེད་ན།།
མུན་པའི་དཀྱིལ་ཡང་ཟླ་འོད་བསིལ་བ་འོ།།
ཕྱེ་ལེབ་སྒེག་མོའི་མཛེས་པ་ལྷམ་མེར་བཏེག།
ཁུ་སིམ་དཀྱིལ་གྱི་ཞལ་ངོ་ཡང་ཡང་དམུལ།།
སྡིག་པ་མེད་པའི་གཤིས་དེས་ཅི་ཞིག་གློད།།
སྙིང་ཤ་གཙབ་པའི་ཚོར་བ་མ་གཏོང་ཅིག།
བྱི་རུའི་འཁྲི་ཤིང་མཚོ་ལ་བཞད་པ་བཞིན།།
འཇམ་ཞིང་མཉེན་པ་པདྨའི་ཚུལ་དུ་འགུལ།།
བདུད་རྩིའི་ཆར་དང་ག་བུར་སྨན་གྱིས་ཀྱང་།།
སྒྲིན་དུ་མེད་དོ་དཔལ་སྟེར་འདོད་རྒུའི་དབྱིག།
ཤ་དང་རུས་པའི་ན་ཟུག་ཆོམ་པའི་གྲོགས།།
སྡུག་གི་རྒྱ་མཚོ་བདེ་བར་བསྒྱུར་བའི་གཉེན།།
སུན་པ་ཅང་མེད་ལྷས་ཀྱང་འདུད་བྱེད་པའི།།
སྒྱུ་འཕྲུལ་གཡོ་བའི་རྣམ་པ་རྩེ་དགའི་གཉེན།།
བྱ་དང་རི་དྭགས་ཆུ་ཀླུང་བདེ་དགའི་ཚལ།།
ཨེ་མ་ངོ་མཚར་ཡིད་འོང་བརྗོད་ལས་འདས།།
དེ་ན་ལྟ་ཡང་བདེ་དགུའི་ཡུམ་གཅིག་པུ།།
གཞན་ན་ཅང་མེད་ཟུར་མིག་གཡོ་བའི་གཏེར།།
༢༠༢༡/༠༤/༠༤
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-འདོད་ཡོན་ལམ་དུ་ཁྱེར་བའི་སྙན་ངག
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།