རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 14 June 2021

དུས་རབས་གསར་པའི་ངོ་གདོང་།

འོད་གསལ་ཀུན་བཟང་ཆོས་འཕེལ།
འབྲུག་གི་རྫོང་སློབ་གྲྭའི་དགེ་རྒན།


ཕོ་ཡིས་སྐྱེ་བ་བཟང་རབ་ངར་ངར་སྒྲོག།
བུ་མོས་ཐོབ་ཐངས་འདྲ་མཉམ་དགོས་རབ་ལྡིར།།
ང་བཟང་ཁྱོད་ངན་གཏམ་གྱིས་འཛམ་གླིང་ཁེངས།།
རྩོད་རྙོག་ལྕི་བ་ཕོ་མོའི་ངོ་གདོང་རེད།།

དམར་སེར་ཅན་ཚོ་སྡོམ་པས་མ་ཐུལ་ཞིང་།།
ལྕང་ལོ་ཅན་རྣམས་འདོད་ཆགས་ནད་ཀྱིས་བཟི།།
ཆོས་སྲིད་འཆོལ་ཉོག་སྤྱད་པའི་ཟོག་པོ་དེ།།
དེང་གི་སྔགས་བཙུན་ཕལ་གྱི་ངོ་གདོང་རེད།།

ཁ་ནས་ཆོས་བརྒྱུད་མཐུན་སྒྲིལ་དགོས་རབ་བཤད།། 
ཁོག་ནས་གཏོར་བརླག་བྱེད་པའི་ལས་ལ་འཚང་།།
གང་ཟག་གཅིག་ལ་མགོ་བོ་གཉིས་ལྡན་པ།། 
དེང་སང་སློབ་གསོ་བ་ཡི་ངོ་གདོང་རེད།།

མཁས་པ་མཁས་པའི་གོ་ས་མི་གནས་ཤིང་།།
བཙུན་པ་བཙུན་པའི་རང་ཚུགས་མ་བཟུང་ལ།།
བཟང་པོ་བཟང་པོའི་ཚུལ་བཟུང་མི་ཤེས་མཁན།།
དེང་སང་མཁས་པ་ཕལ་གྱི་ངོ་གདོང་རེད།།

_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།