རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 14 June 2021

བླ་མའི་ཐུགས་རྗེ།

དྷྭ་ཛཱ་དོལ་པོ། རྣམ་གྲོལ་གླིང་།


ནད་སྡུག་ངན་པའི་ཁ་རླངས་མ་འཕྱུར་གོང་།།
མ་འོངས་མངོན་གཟིགས་ཡབ་གཅིག་༸གྲུབ་དབང་གིས།།
དད་ལྡན་བུ་སློབ་མ་ལུས་སྐྱོང་བའི་ཕྱིར།།
མ་འབད་ས་ནས་སྨན་པའི་ཕོ་ཉ་གནང་།།

རྒྱལ་ཁམས་ཀུན་ཏུ་ནད་ཀྱིས་ཁྱབ་པའི་སྐབས།།
མི་རྣམས་མ་ལུས་ནད་ཀྱིས་མནར་བའི་དུས།།
དག་པའི་ཞིང་མཆོག་རྣམ་གླིང་གྲོང་ཁྱེར་ན།།
ནད་མེད་ཞི་བའི་བདེ་བས་ཁྱབ་པ་འཚར།།

འཇིག་རྟེན་ཡོད་ཚད་སྒྲོག་གིས་བཅིངས་པ་ན།།
མི་རྣམས་འགུལ་སྐྱོད་མེད་པའི་བཙོན་པའི་སྐབས།།
འགྲོ་སྡོད་ཡངས་པའི་ཆོས་ཀྱི་གྲོང་ཁྱེར་ན།།
ནད་མེད་བཞིན་དུ་སློབ་མ་སྐྱིད་པ་ལ།།

མགོན་མེད་ནད་པ་གྲངས་ལས་འདས་པ་ལ།།
སྨན་ཁང་སྨན་པ་རག་པའི་དཀའ་ངལ་ཕྲད།།
ཞི་བའི་ཞིང་མཆོག་རྣམ་གླིང་དགོན་པ་ན།།
ཉིན་མཚན་ཀུན་ཏུ་བསྲུང་བའི་སྨན་པར་བསྔགས།།

འགྲོ་ཀུན་སྡུག་གིས་བཙགས་པའི་མཉན་ཕྲང་ན།།
དཀའ་སྡུག་མིང་ཡང་མེད་པའི་མཛད་རྗེས་གང་།།
ལྷག་བསམ་ལྷོད་མེད་སྐྱོང་བའི་ལས་བྱེད་དང་།།
༸གྲུབ་དབང་ཡིད་བཞིན་ནོར་བུའི་བཀའ་དྲིན་ནོ།།

མཁྱེན་ནོ་མཁྱེན་ནོ་བླ་མ་ཁྱེད་རང་མཁྱེན།།
སྐྱིད་སྡུག་ཅི་འབྱུང་ངེད་ཅག་སློ་འབངས་ཚོ།།
རེ་ས་ཁྱེད་ལས་མེད་དོ་བླ་མ་ལགས།།
ཐུགས་རྗེ་གཟིགས་པ་ནམ་ཡང་མ་ལྷོད་རོགསས།།

༢༠༢༡/༠༦/༡༡ ཉིན་དྷྭ་ཛཱས་སོ།།

_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།