རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 27 June 2021

སྒྲོན་མེ་སེར་པོ་ཁྱེད་ལ་སྒུག

ནུབ་རི་བ་པདྨ་མཚོ་མོ། ཤུག་གསེབ་དགོན།


བདག་སེམས་ཀྱི་སྒྲོན་མེ་སེར་པོ།
ཁྱེད་ནམ་ཞིག་ངེད་ཀྱི་འཇིག་རྟེན་ན་འོད་སྣང་སྦྱིན་ནམ།
ངས་ཁྱེད་ཉིད་དྲན་གྱིས།
ཁྱེད་མེད་པས། ངའི་མི་ཚེར་བྱམས་བརྩེ་ཡི་དྲོད་འཁོལ་མེད་ལ།
ཁྱེད་མེད་པས། ངའི་ཡོད་ཚད་ནས་ཡོད་ཚད་མུན་ནག་ཞིག་ལས།
མཛེས་སྡུག་གི་འོད་སྣང་ག་ལ་ཡོད།

སྒྲོན་མེ་ལགས།
ཁྱེད་ཀྱི་ཐུགས་བརྩེ་ལ་ནམ་ཡང་གཡོ་བ་མེད་པས།
ཉམས་ཐག་གི་སློབ་བུའི་ཚོགས་ལ་གཟིགས་ཏེ།
སླར་ཡང་མུན་ནག་གི་འཇིག་རྟེན་འདིར་འོད་སྣང་ཞིག་སྦྱིན་རོགས།

བདག་སེམས་ཀྱི་སྒྲོན་མེ་སེར་པོ།
རེ་བའི་སྨོན་ལམ་དང་མོས་གུས་ཀྱི་གསོལ་འདེབས་ཀློང་ནས།
ངའི་སྒྲོན་མེ་ཁྱེད་ལ་སྒུག་ཡོད།


_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།