རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 30 June 2021

ཕ་རྒོད་ཆེད། །མ་མཆོག་སྐུལ། །

དགེ་བཤེས་ཆོས་འཁོར་ཚང་ཉི་མ་འོད་ཟེར།


ཀ་བསྟོད་ཀྱི། །ཁ་འདོན་ཞིག །
ག་ཤལ་ལྟར། །ང་ཡིས་བསྒྲིགས། །

ཅ་ནོར་གྱི། །ཆ་རྐྱེན་སོགས། །
ཇ་ཕུད་ཀྱིས། །ཉ་སྟོང་མཆོད། །

ཏ་ལེ་ཡི། །ཐ་ཚིག་ཅན། །
ད་མོད་དུ། །ན་ཚ་ཆོས། །

པ་ཊུ་ཡི། །ཕ་རྒོད་མཆོག། །
བ་རྫི་བཞིན། །མ་མས་སྲུངས། །

ཙ་ར་ཀས། །ཚ་གདུང་སེལ། །
ཛ་ཡའི་བོན། །ཝ་ལེར་སྤེལ། །

ཞྭ་དཀར་གྱི། །ཟ་མ་ཏོག །
འ་ཅག་གི། །ཡ་ཁོག་སྙིང་། །

ར་མདའི་རོགས། །ལ་སོགས་ཀྱིས། །
ཤ་ཚའི་འགྲོར། །ས་མཁན་མཛོད། །

ཧ་ཅང་གིས། །ཧ་ལས་ཐོག། །
ཨ་ཧོ་རྨད། །ཨ་དཀར་བོན། །

ཨི་ཐི་བ། །ཨུ་ནན་གྱིས། །
ཨེ་རྟོགས་སུ། །ཨོ་ལོས་སྨོན། །

    དཔོན་གསས་སློབ་དཔོན་༸སྐྱབས་རྗེ་༸ཡོངས་འཛིན་རིན་པོ་ཆེའི་ཞབས་བརྟན་དུ་ཚེ་གཟུངས་བཟླས་ཞོར། འབུམ་རམས་པ་དགེ་བཤེས་ཆོས་འཁོར་ཚང་གིས་གང་དྲན་ཤར་མར་སྨོན་པའོ།། །།༢༩།༠༦།༢༠༢༡


_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།