ཕུར་པ། སྔ་འགྱུར་མཐོ་སློབ་ཆེན་མོ།
བྱིས་པའི་ཡིད་ལ་གཉུག་མར་གནས་འགྱུར་ཀྱང་།།
བྱིས་པས་ནམ་ཡང་གཞལ་བར་མི་ནུས་པ།།
མདོ་རྒྱུད་ཡོངས་ཀྱི་ཟབ་གནད་སྙིང་པོའི་དོན།།
ལོ་དང་ཟླ་བའི་ཕྲེང་བ་རྒྱུན་བསྲིངས་ཏེ།།
གཞུང་ཆེན་ཐོས་བསམ་ལས་ལ་གཞོལ་བ་འདིས།།
སྐྱེ་འགྲོ་ཡོངས་ཀྱི་སྙིང་གི་ག་ཤེད་ན།།
གཉུག་གཤིས་འོད་སྟོང་འཚེར་བའི་སེམས་ཤིག་རྙེད།།
བཅོས་མའི་ངེས་འབྱུང་ལམ་སྣེར་བཟིན་བྱས་ཏེ།།
བསྐལ་ཆེན་གྲངས་མེད་ངལ་བ་མ་བརྟེན་པར།།
ཡུན་ཐུང་རྫོགས་ཆེན་ལྟ་བའི་མན་ངག་ལས།།
བདེ་ལྡན་གསལ་བའི་ཞིང་དུ་བཞུད་པར་འདོད།།
རྣམ་དག་གོང་མ་ལྷ་ཡི་ཕོ་བྲང་དུ།།
ལས་སྐལ་བྲལ་འདུག་སྙམ་པའི་སེམས་པ་ལ།།
མཚུངས་མེད་དག་མཉམ་ལྟ་བའི་ཏིང་འཛིན་ལས།།
ཚེ་འདིར་བསྐྱོད་པའི་སྤོབས་པ་སྙིང་ལ་བསྩལ།།
གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོའི་དཔེ་ཁྲིད་མཐའ་མའི་ཉིན། ༣༠/༠༧/༢༠༢༡

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།