དོལ་པོ་པ་ཤེས་རབ་རྒྱལ་མཚན།
སྔ་འགྱུར་མཐོ་སློབ་ཆེན་མོ།
དཀར་གཙང་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་ཉིལ་དུས།།
ཕྱི་ནས་ཁ་ཁྱི་ཟུག་པའི་སྐད་སྒྲ་དང་ལྷན་དུ།།
ནང་ནས་དགུན་ཀའི་མཚན་གཞུང་གནའ་སྒྲུང་དང་འགྲོགས་ཡོད།།
རོང་ནས་བྱང་ལ་འཕུར་བའི་བྱ་ལོང་གི་སྐད་སྙན།།
ཆུ་མོ་དར་ཁ་གྲོལ་བའི་ཤག་ཤག་གི་བཞུར་སྒྲས།།
རི་ཀླུང་གཉིད་ལས་སད་དེ་ལྗང་མྱུག་ཀྱང་འབུས་སོང་།།
ནམ་ཡང་བརྗེད་ས་མི་འདུག་དཔྱིད་དཔལ་གྱི་མཛེས་སྡུག།
འབྲུག་སྒྲ་ལྷང་ལྷང་གྲག་པའི་གསུང་དབྱངས་ནི་སྙན་པ།།
འབྲུ་དྲུག་ལོ་ལེགས་འབྱུང་བའི་སྔ་ལྟས་དེ་བཟང་བྱུང་།།
གཡུ་ལོའི་མཆོར་གོས་སྤྲས་པའི་དབྱར་གཞུང་གི་ནམ་ཟླ།།
ནམ་ཡང་བརྗེད་ས་མི་འདུག་ལྗང་མདོག་གི་ཕ་ས།།
ནས་འབྲུའི་ཁུར་གྱིས་དུད་པའི་ནས་ཞིང་གི་སྙེ་མ།།
ནས་འབྲུ་མི་ཐེག་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་དུས།།
ཞིང་འབྲོག་མི་མང་ལུས་སེམས་དྲོད་སྣང་གིས་ཁྱབ་ཡོད།།
ནམ་ཡང་བརྗེད་ས་མི་འདུག་གསེར་མདོག་གི་ཕ་ས།།
དུས་བཞི་འགྱུར་མདོག་གསལ་བའི་མཐོ་སྒང་གི་དོལ་པོ།།
དུས་ཚིགས་རེ་རེ་གསལ་བའི་རང་བྱུང་གི་མཛེས་སྡུག།
དུས་དང་དུས་སུ་ཡང་ཡང་དྲན་སྟངས་འདིར་གཟིགས་དང་།།
ནམ་ཡང་བརྗེད་ས་མི་འདུག་སེམས་ནང་གི་ཕ་ཡུལ།།




No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།