རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Tuesday, 19 March 2024

ཞི་བའི་ཡིད་ཀྱི་ངལ་གསོ།

ཀུན་གྲུབ་ཚེ་རིང་། (བོད། དཔལ་ཡུལ།)


ལུས་དང་སེམས་ཀྱི་ངལ་དུབ་ཀུན།།
སེམས་ཉིད་གཅིག་པུས་བསྐྲུན་པ་ཡིན།།
སེམས་ནི་ཡུན་རིང་སྲུང་བ་ན།།
ཞི་ཞིང་དུལ་བའི་ལམ་ཡང་རྙེད།།

མིག་གིས་གཟུགས་ལ་བལྟ་བ་དང་།།
རྣ་བས་སྒྲ་ལ་ཉན་པ་དང་།།
སྣ་དང་ལྕེ་ཡང་དེ་བཞིན་དུ།།
ཞི་བར་གནས་ན་སེམས་ཉིད་ཞི།།

འགྲོ་དང་སྡོད་དང་ཉལ་དང་རྨི་ལམ་སོགས།།
ཉིན་སྣང་མཚན་སྣང་རྟོག་པའི་ཕྲ་རྒྱས་ཀུན།།
འགྱུ་འཕྲོ་སེམས་ཀྱི་རླབས་རིས་མ་འཁྲུགས་ན།།
ལྷིང་འཇགས་ཡིད་ཀྱི་རྒྱ་མཚོ་དལ་བོར་གནས།།

མཐོང་བའི་གཟུགས་དང་ཐོས་པའི་སྒྲ་རྣམས་དང་།།
ཞིམ་པའི་དྲི་དང་མངར་བའི་རོ་ལ་སོགས།།
གང་ཞིག་འཛིན་པའི་རྣམ་རྟོག་ཕྲ་རགས་ཀུན།།
ཞེན་མེད་ཞི་བའི་རྟེན་གྱི་དམིགས་པ་ཙམ།།

དེ་ལྟར་གནང་ནས་འགྲོ་འདུག་སྤྱོད་ལམ་ཀུན།།
སེམས་འདི་སྲུང་བའི་གྲོགས་སུ་གདམས་ནས་སུ།།
འདོད་ཡོན་མེ་ཏོག་མཛེས་པའི་དགའ་ཚལ་ནས།།
རང་སེམས་ཞི་བའི་ངལ་གསོ་ཐེངས་གཅིག་བྱེད།།

2024/3/20



No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།