རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 22 October 2022

རྟེན་འབྲེལ་ཞུ། དགའ་སྤྲོ་ཆེ།

གྲོགས་པོ་དོལ་པོ་ཉི་མ་བསམ་འགྲུབ་ཀྱི་གྲུབ་འབྲས་ལ་འཚམས་འདྲི་ཞིག་གི་དོད་དུ་བྲིས། 

སྡེ་དགེ་སྐལ་བཟང་། སེ་ར་བྱེས།


མ་ཡུམ་སློབ་གླིང་གི་ཁྱིམ་གཞི་གཅིག་ལས་འབྲས་རྡལ་མཉམ་དུ་ཟས་ཤིང་། རྩེད་ཐང་གཅིག་ཏུ་རྩེད་མོ་མཉམ་དུ་རྩེས། ཤེས་བྱའི་ལྡུམ་རྭ་ནས་མེ་ཏོག་མཉམ་ཏུ་བཏུས། རྩོམ་རིག་ཅེས་པའི་འཇིག་རྟེན་དེ་ནས་སྙན་ངག་གི་མནའ་མ་མཉམ་དུ་བླངས། ཧ་ཧ་ཧ། ཀུ་རྩེད་ཡིན། 

Monday, 17 October 2022

གྲུབ་ཆེན་དམར་སྒོམ་རིན་པོ་ཆེའི་རྗེས་དྲན་ཨཱ་ལི་ཀཱ་ལིའི་གདུང་དབྱངས།

སློབ་སྤྲུལ་འཆི་མེད་ཚེ་དབང་དོལ་པོ།

གངས་ལྗོངས་དོལ་པོའི་དད་རྟེན་༸སྐྱབས་རྗེ་ཞི་བར་གཤེགས་པ་གྲུབ་ཆེན་དམར་སྒོམ་ཚེ་རིང་བཀྲ་ཤིས་རིན་པོ་ཆེ།

ཀ་དག་རིག་སྟོང་གཡོ་མེད་ཀུན་ཏུ་བཟང་།།
ལྷུན་གྲུབ་རིག་རྩལ་འགག་མེད་རྡོ་རྗེ་འཆང་།།
གང་འདུལ་འགྲོ་དོན་རྩོལ་མེད་དམར་སྒོམ་པ།།
སྐུ་གསུམ་དབྱེར་མེད་ཚེ་རིང་བཀྲ་ཤིས་མཁྱེན།།

Monday, 10 October 2022

སེམས་པའི་འཕྲོ་འདུ། (ཆེས་ཐུང་བའི་ཤོ་ལོ་ཀ) གཉིས།

འབུམ་རམས་པ་དགེ་བཤེས་ཆོས་འཁོར་ཚང་རིན་པོ་ཆེ།


མི། །མོ། །ཉམས། །མཛེས། །
བཞིན། །བཟང་། །ལུས། །ཕྲ། །

ལམ། །འཕྲད། །ངོ། །ཐུག །
མཉམ། །འགྲུལ། །ཡུན། །ཐུང་། །

སེམས་པའི་དུམ་གྲུགས། (ཆེས་ཐུང་བའི་ཤོ་ལོ་ཀ) གཅིག

འབུམ་རམས་པ་དགེ་བཤེས་ཆོས་འཁོར་ཚང་རིན་པོ་ཆེ།


གཞིས། །
འགྱངས། །
གཉེན། །
བསྐལ། །

བྱེས། །
སུན། །
ཡུལ། །
དྲན། །

Wednesday, 28 September 2022

རྗེ་བླ་མ་མཁྱེན་ནོ།།

སློབ་དཔོན་པདྨ་རྒྱལ་མཚན་དོལ་པོ།


རྗེ་བླ་མ་མཁྱེན་ནོ།

མུན་པའི་ལྭ་བ་དགུ་རྩེགས་གཡོགས་པའི་དུས།།
ཤེས་རིག་ཉི་མའི་འོད་མདངས་འཕྲོས་ན་ཡང་།།
འདི་ཕྱི་ཀུན་གྱི་ལམ་སྟོན་སྣང་བའི་སྒོ།།
ཐོག་མར་འབྱེད་པའི་བདག་གི་མིག་གཅིག་ཡིན།།

Monday, 26 September 2022

༄༅། །ཕ་ཨོ་རྒྱན་གུ་རུ་རྗེས་སུ་དྲན་ཞིང་གདུང་བའི་སེམས་ཀྱི་སྨོན་ལམ། [གླུ་གཞས།]

ཚིག: ཁྲི་ཏོ་རེ།
གདངས།: སྐལ་བཟང་གཡུ་སྒྲོན།
དབྱངས་ལེན་མཁན།: སྐལ་བཟང་གཡུ་སྒྲོན།


རང་བྱུང་ཁམས་འདི་ང་ཚོ་ཚང་མའི་བདེ་སྐྱིད་ཁྱིམ་གཞིས་ཡིན།།
བྱ་དང་རི་དྭགས་ཚང་མ་ང་ཚོའི་གྲོགས་པོ་གྲོགས་མོ་ཡིན།།
ཕན་ཚུན་བརྩེ་སེམས་ཕན་ཚུན་བྱམས་བརྩེའི་འོད་མདངས་ཀྱིས་ཁྱབ་པར།།
གུ་རུ་ཁྱེད་ལ་གསོལ་བ་སྙིང་ནས་འདེབས་སོ་བྱིན་གྱིས་རློབས།།
ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།

Sunday, 25 September 2022

ཀུན་མཁྱེན་རོང་ཟོམ་པ་དང་རྗེ་མི་ལའི་བླ་མ་རོང་སྟོན་ལྷ་དགའ་གཉིས་གཅིག་ཡིན་མིན་ལ་དཔྱད་པ།

རྩོམ་པ་པོ། ཀུན་ཏུ་རྒྱུ། 



སྔ་འགྱུར་བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ཞིང་

ཚེ་རབས་ཀུན་ཏུ་སྐྱབས་སུ་བསྙེན་ནོ།།


     དེ་ཡང་ལོ་སྔོན་མའི་ནང་དུ་སྔ་འགྱུར་རྙིང་མའི་ཞིབ་འཇུག་གི་དེབ་དང་པོ། རོང་ཟོམ་ཆོས་ཀྱི་བཟང་པོའི་རྣམ་ཐར་དང་། ཐེག་ཆེན་ཚུལ་འཇུག་ཞིབ་དཔྱད་ཞུ་དག དེའི་བརྗོད་བྱ་བརྗོད་བྱེད་ལ་བརྟག་པ། ཞེས་པའི་རྣམ་གྲོལ་གླིང་གི་མཁན་པོ་དང་སློབ་དཔོན་སློབ་དཔོན་མ་དག་གིས་མཛད་པ། དེའི་འགྲེམ་སྤེལ་བརྡ་འབྱོར་བ་ནས་བཟུང་ངང་སྒུག་བྱས་མོད། དེབ་དངོས་ནི་ད་དུང་ཡང་ལག་ཏུ་མ་འབྱོར། ཉིན་ཤས་སྔོན་འཕྲུལ་དེབ་(གློག་རྡུལ་དཔེ་དེབ།)ཅིག་བརྙེད་ཅིང་། དབུ་ནས་རོང་ཟོམ་གྱི་རྣམ་ཐར་ལ་བརྟགས་པ་ཆ་ཚང་མཇལ་བ་ཡིན་ལ། དོགས་སྣང་ཕྲན་བུ་རེ་ཡང་བྱུང་། དེའི་ནང་ནས་ཁོང་རྣམས་ཀྱི་ཞིབ་འཇུག་གི་གྲུབ་དོན་ཞིག་ཡང་དག་མིན་ངེས་སུ་འདུག་སྙམ་པ་ཡང་བྱུང་། དེ་ནས་རྒྱུ་ཆ་འགའ་ཡང་བཀླགས་ཤིང་། དེ་དག་གི་གྲུབ་དོན་ཞིག་ཡི་གེའི་ལམ་ནས་སྤེལ་འདོད་བྱུང་ངོ་།།