རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 24 June 2021

འཛམ་གླིང་སྤྱི་བསང་།

སྤྲུལ་སྐུ་པདྨ་ཚེ་མཆོག་རྡོ་རྗེ། སྔ་འགྱུར་མཐོ་སློབ་ཆེན་མོ།


སྐྱབས་འགྲོའི་ཤིང་སྣ་སྨན་སྣ་རི་ལྟར་སྤུངས།།
བྱང་ཆུབ་སེམས་ཀྱི་ཕུད་སྐྱེམས་མཚོ་ལྟར་བཤམ།།
ཡང་དག་ལྟ་བའི་མེ་ལྕེ་ཆེར་འབར་ནས།།
འགྲོ་ཀུན་རྒྱུད་ཀྱི་མི་གཙང་དག་གྱུར་ཅིག།

དད་པའི་དྲི་བསུང་ཕྱོགས་ཀྱི་མཐའ་གྲུར་ཁྱབ།།
སྙིང་རྗེའི་ཆུ་ཆབ་རིགས་དྲུག་ཀུན་ལ་ཐོར།།
བྱང་ཆུབ་སེམས་ཀྱི་བསང་མཆོག་རྒྱས་པ་འདིས།།
གཏི་མུག་ཐིབས་པའི་ཚོགས་ཀུན་སངས་གྱུར་ཅིག།

དཀའ་དྲིན་བརྗེད་དུ་མེད་པའི་དྲན་པའི་བསང་།།
སྒོ་གསུམ་དགེ་ལ་འཇུག་པའི་ཤེས་བཞིན་བསང་།།
བླང་དོར་བཀའ་བཞིན་སྒྲུབ་པའི་བག་ཡོད་བསང་།།
དྲི་ཆེན་ཕ་མའི་ཉེས་ལྟུང་སངས་གྱུར་ཅིག།

དམ་ཚིག་གཙང་བ་རྒྱུད་ཀྱི་བསང་མཆོག་དང་།།
བརྩེ་སེམས་བརྟན་པ་སྙིང་གི་བསང་མཆོག་དང་།།
གུས་ཤིང་བཀུར་བ་སེམས་ཀྱི་བསང་མཆོག་འདིས།།
སྤུན་གྲོགས་མཆེད་ལྕམ་ཉེས་ལྟུང་དག་གྱུར་ཅིག།

བདག་གི་བསང་མཆོག་གཙང་མའི་མཆོད་པ་འདི།།
མེ་ལྕེ་དུད་སྤུང་སྟོང་གསུམ་ཡོངས་ཁྱབ་ནས།།
ཕྲག་དོག་དྲི་མ་མིང་ཡང་མ་ལུས་པར།།
དགའ་དང་ཡི་རང་ཚོགས་ཀྱིས་ཁྱབ་གྱུར་ཅིག།


_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།