བྱང་འབྲོང་རྒོད། བོད་དབུས་ཕྱོགས་དྭངས་ར་གཡུ་མཚོ།
རྐང་ཐུང་གཡུ་ལོ་རྒྱས་པའི་དགའ་ཚལ་དུ།།
མཉམ་བཞག་གཅེར་བུ་ཀུན་ཏུ་བཟང་པོ་ལྟར།།
ཟག་མེད་ཏིང་འཛིན་རོལ་བའི་རྣལ་འབྱོར་པ།།
འཁོར་བའི་འདོད་ཡོན་མིག་སྒྱུའི་ཆུ་བོར་མཐོང་།།
ནགས་ཚལ་རི་ཀླུང་དབེན་གནས་དག་ཞིང་སྣང་།།
རྒྱན་མེད་གཅེར་བུར་རང་རིག་རང་ཤར་དང་།།
ཏིང་འཛིན་རོལ་བའི་རྣལ་འབྱོར་ཆོས་འཁོར་བ།།
ཐོས་པའི་རིག་རྩལ་སྲིད་པའི་བགྲེས་སོང་བསྐྲུན།།
བསམ་པའི་ཤེས་རབ་དགུང་སྔོན་དབྱིངས་ལྟར་ཡངས།།
སྒོམ་པའི་མྱོང་བ་སྣང་བཞེར་ལོད་པས་བསུ།།
འགྲན་བྲལ་ཞང་ཞུང་དོལ་པོའི་གྲུབ་ཆེན་ཉིད།།
འཁོར་འབངས་མ་ངེས་སོ་སོའི་བློ་སྟོབས་ལྟར།།
རིམ་དགུ་ཐེག་པའི་མན་ངག་སེང་གེའི་འོ།།
བློ་ལྡན་མར་ཞིའི་གཞོང་པར་བླུགས་མཛད་པ།།
ཞང་ཞུང་དོལ་པོའི་བཟང་གསུམ་རྣལ་འབྱོར་འདུད།།
༢༠༢༡/༠༦/༠༨ ཉིན་བྱང་འབྲོང་རྒོད་པས་པར་རིས་ཀྱིས་རྐྱེན་བྱས་པ་ལྟར་དྲན་འཆར་ཞིག་ཤར་མར་བྲིས་སོ།།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-ཞང་ཞུང་དོལ་པོའི་རྣལ་འབྱོར།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།