རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 7 February 2021

སྐུ་ཉིད་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།

ས་འདང་པདྨ་རྒྱལ་མཚན།


རེད་ཡ།  
དེ་རིང་དུང་ཟླ་བཞད་པའི་དུས།
ཐོ་རེངས་སྐར་ཆེན་ཡང་བསུ་མ་བྱེད།
ལྡུམ་རའི་པདྨ་ཡིན་ཡང་འཛུམ་མུལ་ལེ།
དབྱངས་ཅན་ལྷ་མོ་ཡིན་ཡང་སྙན་ངག་གྱེར།
ཨེ་མ།  ངོ་མཚར་ལ།

མཛེས་མ་ཨ་ལན་ཟླ་གྲོལ།

བློ་བཟང་དོན་གྲུབ། སེ་ར་བྱེས།


མཛེས་མ་ཨ་ལན་ཏེ།
ཁྱེད་ནི་མཐོ་སྒང་གི་ཕོ་བརྒྱ་སེམས་པ་འཆོར་ས་དང་།
མོ་བརྒྱ་སྙིང་རླུང་ལྡང་ས་ཤིག་ཡིན།
ཁྱེད་ཀྱི་མཛེས་སྡུག་ལ་སུ་ཞིག་གིས་ཀྱང་འགྲན་པར་དཀའ་བའི་འོད་སྣང་ཞིག་འཆར་ལ།
ཁྱེད་ཀྱི་གསུང་སྐད་ལའང་སུས་ཀྱང་སྒྲོག་པར་དཀའ་བའི་གསང་གདངས་ཞིག་གདའ།
འོན་ཀྱང་གནས་སྐབས་འདིར་རྟག་བརྟན་མེད་པར་ཀུན་ཀྱིས་ཤེས་ལ།
དེ་ནི་སྒྱུ་མའི་རྨི་ལམ་ཙམ་ཞིག་ཡིན་པའང་ཤེས་པ་མང་ངོ་།།

རྨི་ལམ།

ནུབ་རི་མི་ཕམ་རྣམ་རྒྱལ།


༈ སྔ་མོ་གཏི་མུག་ཡར་ལ་སད་དུས།།
དགུང་མོར་ཉལ་བའི་རྨི་ལམ་དྲན་བྱུང་།།
རྨི་ལམ་རྣམ་རྟོག་སྔོན་གྱི་བག་ཆགས།།
ཡིད་ལ་འཁོར་ཞིང་ལྷང་ལྷང་སྐྱོ་སྣང་།།

Friday, 5 February 2021

རཱ་ཧུལ་དང་ཨི་སི་མི་ཏ་གཉིས་ཀྱིས་སྤྱི་ཚོགས་ཀྱི་འདུ་ཤེས་ལ་བཅོས་སྒྱུར་བཏང་།

པདྨ་དགོས་འབྱོར། བལ་ཡུལ།


ཉེ་ཆར་དྲ་ལམ་ནས་ཁྱབ་བཞིན་པའི་གནས་ཚུལ་ཡིད་སྨྲེང་བ་ཞིག་ནི། བལ་ཡུལ་གྷོར་ཁ་ནས་ཡིན་པའི་ར་ཧུལ་གྱི་ཆུང་མ་དགའ་རོགས་གཞན་ཞིག་དང་འགྲིགས་པའི་དོན་རྐྱེན་སྤྱི་ཚོགས་དྲ་ལམ་ནང་ཁྱབ་པ་དེ་རེད། དུས་ཡུན་གང་འཚམས་རྗེས་ནས་ར་ཧུལ་བཟའ་ཟླ་ཨི་སི་མི་ཏར་འཕྲད་པའི་སྐོར་ཡང་རིམ་པར་སྤྱི་ཚོགས་དྲ་ལམ་ནང་ཁྱབ། བཟའ་ཚང་ཁ་ཐག་རིང་ཙམ་བསྡད་རྐྱེན་གྱིས་དོན་རྐྱེན་དེ་བྱུང་བའི་རྗེས་སུ། ཁོང་གཉིས་སྤྱི་ཚོགས་ཀྱི་ལྟ་སྟངས་ངན་པར་གདོང་ལེན་བྱེད་དཀའ་བར་སེམས་ནས། ཕན་ཚུན་གཉིས་ཀར་བརྩེ་སེམས་ཡོད་བཞིན་དུ་སོ་སོར་གྱེས་རྒྱུ་ཕྱོགས་གཉིས་ཀས་མོས་མཐུན་བྱུང་མོད་ཀྱང་། མང་ཚོགས་ནས་བཟའ་ཚང་གཉིས་པོ་བསྐྱར་དུ་ཡིད་དུ་འོང་བའི་བུ་མོ་ཆུང་ཆུང་ལོ་ན་ལྔ་དྲུག་ལ་སོན་ཙམ་དེ་བསམ་ནས། འགྲིག་དགོས་ལུགས་རིམ་པར་ཚ་ཚ་འུར་འུར་གྱིས་གླེང་སྟབས་མཐའ་མཇུག་བསྐྱར་དུ་གཉེན་སྒྲིག་རྒྱུ་ཐག་བཅད། 

ནུས་མེད་ཀྱི་བརྩེ་བ།

[སྒྲུང་ཐུང་བོད་འགྱུར་མ།]

ཉི་བསམ་དོལ་པོས་བསྒྱུར།


གདོད་མའི་དུས་ཚིགས་ཤིག་ཏུ་མྱོང་ཚོར་དང་སེམས་ཚོར་དག་གླིང་ཕྲན་དུ་གུང་གསེང་ཕྱིན་པ་རེད། དེར་ཁོ་ཚོས་རང་རེའི་རང་འབྱུང་ཁམས་དང་བསྟུན་པའི་དུས་ཚོད་བག་ཕེབས་ཤིག་ཏུ་རོལ་བཞིན་མཆིས། གློ་བུར་དུ་དྲག་ཆར་དང་བུ་ཡུག་འཚུབ་ལ་ཉེ་ཞིང་ཚང་མར་གླིང་ཕྲན་དེ་ལས་འཕྲལ་མར་བྲལ་དགོས་པའི་གསལ་བརྡ་བཏང་།

Wednesday, 3 February 2021

ཁྱེད་རང་།

གཟི་མིག་གམ་དཔལ་ལྡན་རྒྱལ།


རང་ཉིད་ཀྱི་འགྲམ་དུ། 
བརྩེ་སེམས་ཀྱི་མེ་ཏོག་ཅིག་བཞད།
ཚོན་རྩིས་མ་ལྷད་པའི་མེ་ཏོག་དེ།
མཛེས་སྡུག་གི་ལང་ཚོ་གྲོལ།
དེའི་མདངས་དང་དྲི་མ་ཁོ་ནས།
གར་པོ་གར་པོ་གྱུར་བའི། 
བདག་གི་ཁུ་བ་དག
གཙང་པོ་བཞིན་རྒྱུག་ཏུ་བཅུག

Tuesday, 2 February 2021

ཆོས་འཁོར་ཚང་ཉི་མ་ཚེ་རིང་གི་སྙན་ངག་དང་རི་མོ་སྦྲགས་མ།

སེམས་ཀྱི་ཞིང་ས།


སོས་ཀའི་ཞིང་ལས་དང་དགུན་ཆང་གི་ཉིང་ཁུ་དག་
དྲི་ཞིམ་མེ་ཏོག་གི་དོན་དུ་ཡིན་ནམ། 
ཆར་རླུང་དག་གང་དུ་ཡང་མི་ཕྱོགས་པར་
མེ་ཏོག་རྐང་རེ་རེའི་སྟེང་དུ་ལྷོད་ཀྱིས་འབབ། 
ཉི་མ་དང་སྨུག་པས་མེ་ཏོག་གི་ཟིལ་བུ་དལ་གྱིས་ཕྱིས། 
ནམ་མཁའི་སྤྲིན་པ་དག་བྱང་ཕྱོགས་སུ་ལྷོད་ཀྱིས་འཕྱོ།