རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 15 March 2021

མདའ་སྨྱུག་བཞུར་པོའི་བརྩམས་ཆོས་སྙན་ངག་གཉིས།

«ཉི་ནུབ་ཀྱི་སྨྲེ་ངག»



ངུས་ངག་གི་གཟན་པོ་ཞིག་གིས།།
དར་མ་ཡི་སྙིང་རླུང་འདར་བྱུང་།།
རྗེ་ཁོང་གི་མཛད་པ་མཐའ་མ།།
དུས་འདི་བཟུང་མཇལ་རྒྱུ་དཀའ་འམ།།

Sunday, 14 March 2021

༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་ཞི་བར་གཤེགས་པའི་དུས་དྲན་ཉིན་མོའི་སྙན་རྩོམ་ཆེད་འགོད།

«ཁྱེད་མེད་པའི་ཉི་མ་»མགྱོགས་བྲིས་མ།

གངས་སེང་དཀར་མོ། རྣམ་གྲོལ་གླིང་།


འཁོར་ཚོགས་རྒྱ་མཚོ་འདྲ་མོ་སྡུག་གིས་འཐོམ་ཉིན།།
ཉི་མའི་ཅོད་པན་སེར་པོ་མུན་པས་འགེབས་ཉིན།།
མིག་ལ་མཆི་མ་འཁོར་བཞིན་གང་དུ་བལྟས་ཀྱང་།།
གང་སྐུ་གཟི་མདངས་ཅན་པོ་མཇལ་བ་མེད་སོང་།།

Friday, 12 March 2021

དོལ་པོ་གསེར་གྱི་ཕོར་པའི་རོལ་རྩེད་ཐེངས་གཉིས་པ་ཁ་དགེ་བཀྲ་ཤིས་དང་གཟི་བརྗིད་ལྡན་པའི་ངང་མཐའ་གྲུབ་པ།


དོལ་པོ་རྩེད་འགྲན་ཚོགས་པའི་ཁྱབ་ཁོངས་སུ་ཡོད་པའི་དོལ་པོ་གསེར་གྱི་ཕོར་པའི་སྤྱི་ལོ་ ༢༠༢༡ ལོའི་རྐང་རྩེད་པོ་ལོའི་རོལ་རྩེད་ཐེངས་གཉིས་པ་དེ་ཟླ་འདིའི་སྤྱི་ཚེས་ ༠༦ ཉིན་བལ་ཡུལ་རྒྱལ་ས་ཀཱཋ་མཱཎྜཽའི་མངའ་ཁོངས་བཽདྡྷའི་ཉེ་འདབས་སུ་ཁ་དགེ་བཀྲ་ཤིས་དང་གཟི་བརྗིད་ལྡན་པའི་ངང་མཐའ་གྲུབ་འདུག རྩེད་འགྲན་རུ་ཁག་ནང་ཁྱོན་རུ་ཁག་ ༡༨ ཐམ་པ་མཉམ་ཞུགས་བྱས་ཡོད་པ་དང་། དེ་དག་ལས་བུའི་རུ་ཁག་ ༡༤ དང་བུ་མོའི་རུ་ཁག་ ༤ བཅས་ཡོད་པ་རེད་འདུག རྩེད་འགྲན་འདི་ནི་ས་གནས་ལེ་ཧི་མཱ་ལ་ཡ་ཕུཊ་སལ་དུ་ཉིན་གཅིག་གི་རིང་རྩེད་འགྲན་བྱས་པ་ཞིག་ཡིན་པར་དོལ་པོ་རྩེད་འགྲན་ཚོགས་པའི་ཚོགས་གཙོ་བུ་ཆུང་ལགས་ནས་འགྲེལ་བརྗོད་གནང་།

Monday, 8 March 2021

པད་བཀོད་བསྟན་འཛིན་ལེགས་གྲུབ་ཀྱི་བརྩམས་ཆོས་ལྷུག་སྙན་གསུམ།

«ཡང་བསྐྱར།»


 
ཨ་མ་ལགས།
དེ་རིང་བུ་ང་། 
མཆོད་རྟེན་མཇལ་སྐོར་སོང་བའི་ལམ་ཟུར་ན།
ཨ་མ་རྒས་མོ། 
དཔྲལ་བར་གཉེར་མས་གང་བ།
ཕྱག་གཡས་མ་ཎི་ལག་འཁོར་ཐོགས་པ།
ཕྱག་གཡོན་ཤེལ་གྱི་ཕྲེང་བ་འཛིན་པ།
དགྱེས་ཞལ་འཛུམ་གྱིས་ཁེངས་པ་ཞིག་གིས།
ང་ལ། འཛུམ་མུལ་མུལ་ངང་། 
མགོ་བོ་གུག་ཙམ་གུག་ཙམ་བྱས་བྱུང་།

Thursday, 4 March 2021

གཞན་ཕན་ཟླ་བའི་བརྩམས་ཆོས་སྙན་ངག་གཉིས།

ཡ་མཚན་ཅན་གྱི་རྨ་བྱ། 

དཔར་པ།: བྱམས་པ་བླ་མ།

རྣམ་གླིང་གསེར་གྱི་གཞལ་ཡས་ཁང་ཆེན་གྱི་མདུན་དུ།།
གྲུབ་དབང་བླ་མའི་ཕོ་ཉ་རྨ་བྱ་ཡི་གཞོན་ནུ།།
དད་ལྡན་བུང་བའི་ཚོགས་རྣམས་སློབ་གླིང་ལ་འབུང་དུས།།
ཉིན་མཚན་ནད་དུག་སྲུང་བའི་ལྷ་བྱ་དེ་མཚར་རོ།།

Wednesday, 3 March 2021

བླ་མ་ངག་དབང་ཡོན་ཏན་རྒྱ་མཚོའི་སྙན་ངག་གཅིག


༄༅། །ན་མོ་གུ་རུ།
ཀ་མ་ལ་རྣམས་སྣ་ཚོགས་དཀྲམ་པའི་སིལ་བའི་འཚོ་ནས།།
ཉིལ་ལ་ཁད་པའི་རྒུད་པའི་མེ་ཏོག་གདུང་བས་འབོད་དོ།།
དར་ཅིག་བཞུགས་དང་གསོན་པར་མཛོད་ཅིག་རྒྱུ་སྐར་རྒྱལ་པོ།།
སྤྲིན་ནག་འཁྲིགས་ཀྱང་ཚ་ཟེར་སྤྲོས་པའི་དུས་ལ་བབ་བོ།།

Tuesday, 2 March 2021

ཡབ་རྗེ་བླ་མ་དྲན་པའི་ངུ་ངག

སྤྲུལ་པདྨ་ཚེ་མཆོག་རྡོ་རྗེ།


ཡོད་ཟེར་ན་ཅི་ཡང་མེད་པའི་དབྱིངས།།
མེད་ཟེར་ན་འཁོར་འདས་སྣ་ཚོགས་འབྱུང་།།
དེ་གཉིས་ལས་འདས་པའི་ཕོ་བྲང་ནས།།
རྗེ་བླ་མས་བདག་བློའི་པདྨོར་སྐྱོངས།།