རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 30 December 2018

༸གྲུབ་དབང་པད་ནོར་ཡང་སྲིད་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།

༸སྐྱབས་རྗེ་རྡོ་གྲུབ་ཆེན་སྐུ་ཕྲེང་བཞི་པས་མཛད།


ཨོཾ་སྭསྟི།
ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རབ་འབྱམས་དང་།།
རིགས་བརྒྱའི་ཁྱབ་བདག་ཨོ་རྒྱན་ཐོད་ཕྲེང་རྩལ།།
ཁྱད་པར་འཆི་མེད་ཚེ་ལྷའི་བྱིན་མཐུ་ཡིས།།
མགོན་ཁྱོད་བསྟན་འགྲོའི་དཔལ་དུ་འཚོ་གཞེས་གསོལ།།

གདོད་ནས་མི་འགྱུར་ཡེ་དག་ཆོས་སྐུའི་ཀློང་།།
འཕོ་མེད་བདེྃ་ཆེནྃ་ཡེ་ཤེས་རྩལ་རྫོགས་ཀྱང་།།
སྙིགས་དུས་འྃགྲོ་ལྃ་ཕན་བདེའི་འོད་སྣང་འབྱེད།།
ས་གསུམ་སྐྱེ་དགུའི་འདྲེན་མཆོག་འཚོ་གཞེས་གསོལ།།

བི་མའི་གསང་གསུམ་ཡེ་ཤེས་སྒྱུ་འཕྲུལ་གར།།
གསང་སྔགས་བཀའ་གཏེར་མཛོད་ལ་མངྃའ་དབང་བསྒྱུར།།
ཕྱི་ནང་བདུད་སྡེའི་དཔུང་ཚོགས་ཟིལ་གནོན་ཏེྃ།།
སྔ་འགྱུར་བསྟན་པའི་རྒྱན་དུ་འཚོ་གྃཞེས་གྃསོལ།།

བསླུ་མེད་མཆོག་གསུམ་ཐུགས་རྗེའི་བྱིན་རླབས་དང་།།
བདག་ཅག་དད་པས་གསོལ་བཏབ་བདེན་པའི་མཐུས།།
རྟག་བརྟན་གཞོམ་མེད་རྡོ་རྗེ་ལྟ་བུའི་སྐུར།།
ཞབས་པད་བརྟན་ཅིང་བྃཞེྃད་དོན་ལྷུན་གྲུབ་ཤོག།

ཅེས་གྱང་ཁང་སྤྲུལ་སྐུ་ཐུབ་བཟང་མཆོག་གིས་གཙོས། དཔལ་ཡུལ་བླ་གྲྭ་ཡོངས་ནས་གསུང་བསྐུལ་ངོར། གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་ཡང་སྲིད་མི་འགྱུར་བདེ་ཆེན་གར་དབང་ཟིལ་གནོན་རྡོ་རྗེ་ཞེས། མཚན་གྱི་ཅོད་པན་འཆང་བ་གང་ཉིད་སྐུ་ཚེ་ཞབས་པད་བརྟན་པའི་རྟེན་འབྱུང་དུ། ཕྱི་ལོ་ ༢༠༡༦ རབ་ལོ་ ༡༧ མེ་སྤྲེལ་ཟླ་ཚེས་བཟང་པོར། འབྲས་ལྗོངས་མཆོད་རྟེན་དགོན་ནས་རྡོ་གྲུབ་བཞི་པས་སྨོན་ཚིག་ཏུ་བརྗོད་པ་དགེ་ལེགས་སུ་གྱུར་ཅིག

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།